e-texts navigator
Collection
Volume
Page
Wylie

291a1 མི་ཁམ་པ་ངས་མངོན་པར་རྫོགས་པར་སངས་རྒྱས་ནས།སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་གང་བསྟན་པ་དུ་ལ་དེ་དག་ལ་འདི་སྐད་དུ་དེ་ནི་ལུང་མནོད་པར།
291a2 བྱ་བ་མ་ཡིནོ་ཞེས་ཟེར་ཏེ།སེམས་ཅན་དེ་དག་འབྱུང་བ་མ་ཡིན་པའི་ཉེས་པ་ཆེན་པོ་ཇི་ཙམ་དང་ལྡན་པ་ལ་ལྟོས།མི་ཕམ་པ་དགེ་སློང་ཆོས་དེས་རྣམ་པར་འཐག་པའི་མདོ་སྟོང
291a3 བསྟན་ཏེ།བསམ་གཏན་བཞི་བསྐྱེད་ཀྱང་དེ་ལྟ་བུའི་གནས་གྱུར་ན།གང་ཕྱོགས་ཙམ་མམ།ཆེ་ཙམ་ལ་རེག་པ།རྣམ་པར་འཐག་པ་འཛིན་པའི་དགེ་སློང་རྣམས་ལ་མངོན་པར
291a4 མི་དགའ་ཞིང་རྣམ་པར་འཐག་པ་ལ་སྐྱོན་འདོགས་པ་ལྟ་ཅི་སྨོས་ཏེ།དེ་དག་ནི་ཆོས་སྨྲ་བའི་དགེ་སློང་ལ་སྐུར་པ་འདེབས་པ་ཡིན།སངས་རྒྱས་ཀྱི་ཆོས་སྤོང་བ་ཡིན།རློམ་སེམས
291a5 ཆེན་པོས་སྐུར་པ་འདེབས་པ་ཡིན་ཏེ་སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་ལ་ནི་ལེགས་པར་བྱས་པ་ཞེས་ང་མི་སྨྲའོ།།དེ་ཅིའི་ཕྱིར་ཞེ་ན།གང་དག་ཆོས་སྨྲ་བ་ལ་རྣམ་པར་སྨོད
291a6 བདེ་དག་ནི་སངས་རྒྱས་ལྔ་རྣམ་པར་སྨོད་པ་ཡིན།ཆོས་ལ་རྣམ་པར་སྤྱོད་པ་ཡིན།།གང་དྲུག་ཆོས་སྨྲ་བ་ལི་རིམ་གྲོ་མེད་པ་དེ་དག་ནི་སངས་རྒྱས་ལ་རིམ་གྲོ་མེད་པ་ཡིན།།
291a7 གང་དག་ཆོས་སྨྲ་བ་ལ་མི་སྙན་པ་བརྗོད་པ་དེ་དག་ནི་སངས་རྒྱས་མཐོང་བར་མི་འདོད་པ་ཡིན།སངས་རྒྱས་ལ་མི་སྙན་པར་བརྗོད་པ་ཡིན།།གང་དག་སེམས་དང་པོ




iiif viewer powered by OpenSeadragon

290b - 291b

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo