| | e-texts navigator
|
290b1 སྙན་པར་བརྗོད་པ་དེས་ནི་དེ་བཞིན་གཤེགས་པ་སྤངས་པར་འགྱུརརོ།།རིགས་ཀྱི་བུ་དག་གང་སུ་ཞིག་སེམས་ཅན་དག་ཇི་ལྟར་མེས་པས་མོས་པ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་སྟོན་པ
290b2 དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིནོ།།འཁོར་གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་དག་ལན་འགའ་ཞིག་སྤུ་ཟིང་ཞེས་བྱེད་དམ་མཆི་མ་ལན་འགའ་ཞིག་ཀློག་པ
290b3 དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུར་ཤེས་པར་བྱ་བ་ཡིན་ནོ།དེ་ལ་མི་བླུན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔའ་ཁས་འཆེ་བ།བྱང་ཆུབ་སེམས
290b4 དཔའ་སུན་འབྱིན་པར་གྱུར་པ།ཆོས་རྐུ་བ་ཚུལ་འཆོས་པ།ཚོ་ག་ངན་པ་ལ་སྤྱོད་པ་དེ་དག་ཁ་ཅིག་འདི་སྐད་ཅེས་འདི་ལྟ་བུ་ཞིག་ཅི་ཤེས་ཞེས་ཟེར་རོ།།བྱམས་པ་ངས་བྱང་ཆུབ་ཀྱི་ཕྱིར
290b5 སྤྱོད་པ་ན་བདག་ཉིད་ཀྱིས་གང་ཚིགསུ་བཅད་པ་ཉོས་པ་ནི་རང་གི་ལུས་ཡོངསུ་བཏང་བ་དང་།ཆུང་མ་ཡོངསུ་བཏང་བ་དང་།བུ་དང་བུ་མོ་ཡོངསུ་བཏང་བ་དང་།རྒྱལ་སྲིད་ཡོངསུ
290b6 བཏང་བའི་ཉོས་ཤིང་།།བྱམས་པ་ལེགས་པར་བཤད་པའི་ཚིག་སུ་བཅད་པ་གཅིག་གིས་ཕྱིར་ཛམྦུའི་གླིང་བྱིན་ཏེ་ཉོས་པར་ངས་མངོན་པར་དྲན་ན།དེ་དག་ནི་རྙེད་པ་དང་བཀུར
290b7 སྟི་སྲུང་ཞིང་སངས་རྒྱས་དང་འདྲ་བའི་གན་དུ་འགྲོ་བར་མི་སེམས།།མི་ཕམ་པ་དམ་པའི་ཆོས་ཀྱི་ཚུལ་འོདདི་གཟུང་བར་ཡང་འབྱོར་ལྡན་པས་ནུས་ཀྱི་མེ་ལྡན་པས་ནི་མ་ཡིན
iiif viewer powered by OpenSeadragon
290a - 291a