e-texts navigator
Collection
Volume
Page
Wylie

290a1 མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར།རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་དག་གིས་བྱང་ཆུབ་སེམས་དཔའ་མཐོང་ན་སེམས་ཀྱིས་གཞན
290a2 བསམ་པར་མི་བྱ་སྟེ།བདག་ཅག་གིས་མཆོད་རྟེན་ནམ།དེ་བཞིན་གཤེགས་པ་མཐོང་ངོ་།།བདག་ཅག་གིས་མདུན་ན་སངས་རྒྱས་བཞུགས་སྙམ་དུ་བསམ་མོ།།རིགས་ཀྱི་བུ་ངག
290a3 གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་མཐོང་ན་མཆོད་རྟེན་གྱི་འདུ་ཤེས་སམ།དེ་བཞིན་གཤེགས་པའི་འདུ་ཤེས་བ་སྐྱེད་པ་མི་གཏོགས་པར་འདུ་ཤེས་གཞན
290a4 བསྐྱེད་པར་མི་བྱའོ།།གཞན་དུ་གྱུར་ན་བྱང་ཆུབ་སེམས་དཔས་བདག་ཉིད་ལ་རྨ་ཕྱུང་བར་འགྱུརརོ།།དེ་ལ་དགོངས་ཏེ་དེ་བཞིན་གཤེགས་པ་མོ་འཁྲུགས་པས་ཐུགས་དམ་པཞེས་པ།
290a5 གལ་ཏེ་བདག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ་སངས་རྒྱས་ཀྱི་འདུ་ཤེས་མ་བསྐྱེད་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ན་གང་དག་བསྡུས
290a6 པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསླུས་པར་གྱུར་ཅིག་ཅེས་བྱ་བ་ཡིན།།རིགས་ཀྱི་བུ་དག་ཕྱི་མའི་ཆེ་བི་མའི་དུས་ལྔ་བརྒྱ་ཐ་མ་ལ་གྲངསུ་དག་གཟུངས
290a7 བ་འམ།ཏིང་འཛིན་ཐོབ་པར་འགྱུར་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུས་ཐོབ་པར་འགྱུར་ཏེ།རིགས་ཀྱི་བུ་དག་དེ་ལྟ་བས་ན་འདི་ལ་སུ་ཆོས་སྨྲ་བ་ལ་མ




iiif viewer powered by OpenSeadragon

289b - 290b

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo