| | e-texts navigator
|
289b1 དུས་ནས་ཚིག་འདི་སྐད་ཅེས་དང་ཕན་ཅད་དགེ་སློང་ཆོས་ཀྱིས་ཇི་སྐད་སྨྲས་པ་ལྟར་སུ་འང་ཆོས་སྟོན་པར་མ་གྱུར་ཅིག་ཅེས་འཛེར་ཏོ།།དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
289b2 འཁོར་དེར་འདུས་པ་དག་ཀྱང་སྟན་ལས་ལངས་ཏེ་ས་ལ་འཁོད་དོ།།ས་ལ་འཁོད་ནས་ཀྱང་དུསོ།།དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ལ
289b3 འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་དག་ཁྱེད་ཅིའི་ཕྱིར་ས་ལ་འཁོད་ཅིང་ངུ།དེ་དག་གིས་གསོལ་པ།བཅོམ་ལྡན་འདས་བདག་ཅག་ནི་ལས་ཀྱི་སྒྲིབ་པ་དེ་དང་ལྡན་པར
289b4 བདག་ཅག་ཉིད་ཀྱིས་མཐོང་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་དག་དེ་བཞིན་ཏེ།དེ་བཞིན་གཤེགས་པ་མར་མེ་མཛད་ཡོངསུ་མྱ་ངན་ལས་འདས་ནས།
289b5 དེའི་གསུངས་རབ་ལ་ཤེས་རབ་བརྩེགས་ཞེས་བྱ་བ་ཆོས་སྨྲ་བ་ཞིག་བྱུང་བ་ལ་ཁྱེད་ཀྱིས་སྨད་དེ།།དེ་ཕྱིན་ཅད་ཁྱེད་ཀྱིས་ནམ་ཡང་སངས་རྒྱས་མ་མཐོང་།།ནམ་ཡང་བྱང་ཆུབ་ཀྱི
289b6 སེམས་མ་རྙེད་དོ།།གཟུངས་དང་ཏིང་འཛིན་མོ་རྙེད་དོ།།རིགས་ཀྱི་བུ་དག་ཁྱེད་དེའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཀྱང་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་གང
289b7 འབྱུང་བའི་ཐ་མ་པའི་ཚེ་ཁྱེད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར།།དེ་ཕྱིན་ཆད་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
iiif viewer powered by OpenSeadragon
289a - 290a