e-texts navigator
Collection
Volume
Page
Wylie

289a1 བོད་པར་འོས་པར་གྱུར་ཏོ།།ཆོས་ཐམས་ཅད་ལ་ཡོང་སུ་དག་པར་ཆོས་སྟོན་པར་ཡང་གྱུར་ཏོ།།མི་ཕམ་པ་དེའི་ཚེ་དེའི་དུས་ནུ་དགེ་སློང་འཚོ་བ་ཡོངསུ་དག་པ
289a2 ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ནུ་ཁྱོད་ཀྱིས་དེ་ལྟར་མི་ལྟ་སྟེ།དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱ་བ་དེའི་ཚེ་དེའི་དུས་ན་དགེ་སློང་ཚེས་སྨྲ
289a3 བ་འཚོ་བ་ཡོངསུ་དག་པ་ཞེས་བྱ་བར་གྱུར་ཏོ།།མི་ཕམ་པ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་ཞེས་བྱ་བ་དེ་གཞན་ནི་ཀ་ཡིན་པ་སྙམ་དུ་ཁྱོད་སེམས་ན་ཁྱོད་ཀྱིས་དྲི་ལྟར་མི
289a4 བལྟ་སྟེ།ང་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་ཞེས་བྱ་བར་གྱུར་ཏེ་ང་ཉིད་ལས་དེ་ལྟ་བུའི་མི་ཚུལ་བ་བྱུང་ངོ་།།མི་ཕམ་པ་ཆོས་ཀྱིས་ཕོངས་པར་འགྱུར་དེའོ་ལས་ཀྱི་སྒྲིབ་པ་ནི་དེ
289a5 ལྟར་ཤེས་པར་དཀའ་སྟེ།ལས་དེའི་རྣམ་པར་སྨིན་པས་ང་སྙིགས་མ་ལྔའི་དུས་ན་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱསོ།།མི་ཕམ་པ་བྱང་ཆུབ་སེམས་དཔའ་གང
289a6 དག་གཉིསུ་འབྱེད་ཅིང་ཆོས་སྟོན་པ་དེ་དག་ནི་ལས་དེའི་རྣམ་པར་སྨིན་པས་དུས་ཀྱི་སྙིགས་མའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།དེ་དག་གིས
289a7 རྒྱས་ཀྱི་ཞིང་ངོར་བྱང་ཆུབ་པར་བྱེ་བ་དང་ཆེས་བསྟན་པ་ཡི་བདུད་དང་བར་ཆང་མང་པོ་འབྱུང་བར་འགྱུར།།དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ང་མཆི་མ་བླགས




iiif viewer powered by OpenSeadragon

288b - 289b

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo