| | e-texts navigator
|
287b1 དེའི་ཚེ་དེའི་དུས་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།ངེས
287b2 ལོ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་སེམས་ཅན་རྣམས་ལ་ཚེས་བསྟན་ཏོ།།དེའི་གསུང་རབ་ལ་དགེ་སློང་འཚོ་བ་ཡོངསུ་དག་པ་ཞེས་བྱ་བ་ཆོས་སྨྲ་བ།གཏམ་སྣ་ཚོགས་སྨྲ་བ།སྐྱེ་བ་མང་པོ་པོ་ཡང་དག་པར
287b3 སྟོན་པ་སྐྱེ་བོ་མང་པོ་ཡང་དག་པོ་འཛིན་དུ་འཇུག་པ།སྐྱེ་བོ་མང་པོ་ལ་ཡང་དག་པར་གཟེང་སྟོང་པ།སྐྱེ་བོ་མང་པོ་ལ་ཡང་དག་པར་དགའ་བར་བྱེད་པ་བྱུང་ནས།དེ་ལ་དེ་བཞིན་གཤེགས་པ་དྲི་མ་མེད
287b4 པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་ངོས་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་བསྡུ་བར་བཅོལ་ཏེ།དེས་དེ་བཞིན་གཤེགས་པ་དེ་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ
287b5 བྱེ་བར་དམ་པའི་ཆོས་ཀྱི་ཚུལ་གཟུང་སྟེ།དྲི་རྣམ་པར་འོཐག་པ་ཐམས་ཅད་བསྡུས་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ནས་ཆོས་སྟོན་ཏེ།མོས་པ་ཇི་ལྟ་བ་དེ་བཞིན་དུ་སེམས
287b6 ཅན་རྣམས་ལ་ཆོས་བསྟན་ཏོ།།དེས་གྲོང་ཁྱེར་སྟོང་ཕྲག་བརྒྱད་ཅུ་སྨོན་ལམ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་རབ་ཏུ་དགའ་བར་བྱས་ནས་དེ་གྲོང་ཁྱེར་ཆེན་པོ་བཟང་པོ་ཞེས་བྱ་བར
287b7 སོང་སྟེ།ཁྱིམ་བྱེ་བ་ཕྲག་བརྒྱད་ཅུ་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས་གྲོང་ཁྱེར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་རབ་ཏུ་དད་པར་བྱས།།དེའི་ནང་ནས་བྱེ་བ
iiif viewer powered by OpenSeadragon
287a - 288a