| | e-texts navigator
|
287a1 ཅན་རྣམས་ལ་ཆོས་སྟོན་ན།དེ་ནི་བྱང་ཆུབ་སེམས་དཔའ་ཁས་འཆེ་ལ་བྱང་ཆུབ་སེམས་དཔའ་མུ་རྒོད།བྱང་ཆུབ་སེམས་དཔའ་ལ་སྐུར་བ་འདེབས་པ།བརྫུན་དུ།
287a2 སྨྲ་བ།ཐོས་པ་ཉུང་བ་དེ་དག་ངའི་བྱང་ཆུབ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་འདི་ལ་གཉིསུ་སྨྲེ་སྟེ།འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་བྱ།འདི་ལ་ནི་བྱང་ཆུབ་སེམས
287a3 དཔེས་བསླབ་པར་མི་བྱའོ་ཞེས་ཟེར་ཏེ།སེམས་དེས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས།།ཆོས་སྤོང་ངོ་།དགེ་འདུན་ལ་སྨོད་དོ།།དེ་དག་ལུས་ཞིག་སྟེ།ཤི་ནས་སེམས་ཅན
287a4 དམྱལ་བ་རྣམས་སྐྱེ་བར་འགྱུར་ཏེ།དེ་དག་དེར་བསྐལ་པ་མང་པོ་དང་།བསྐལ་པ་བརྒྱ་ཕྲག་མང་པོ་འདས་ནས་ཐར་པ་འཐོབ་སྟེ།ཡང་དེ་དག་དབུལ་པོའི་རིག་སུ་སྐྱེ་བར་འགྱུར་རོ།།
287a5 གང་གི་ཚེ་བརྒྱ་ལོམ་བརྒྱ་ལམ་ན་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་འགྱུར་ན།ཡང་སྙིགས་མ་ལྔའི་དུས་ན་ལུང་བསྟན་པ་ཐོབ་པར་འགྱུར་ཏེ།དཔེར་ན་ད་ལྟར་ང་ཡུན་རིང་པོ་འགྱངས
287a6 བས་དུས་ཀྱི་སྙིགས་མའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་བུའོ།།གང་དག་དེ་དག་གི་ལྟར་ཉན་པ་འམ།བྱེད་པའམ།ཡིད་ཆེས་པར་སེམས་པ་དེ་དག་ཀྱང་འདི
287a7 ལྟ་སྟེ།སྡིག་པའི་གྲོགས་པོ་ལ་མོས་པས་འགྲོ་བ་དེ་ལྟ་བུ་ཉིད་དུ་འགྲོ་བར་འགྱུརརོ།།མི་ཕམ་པ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པས་ཡང་ཆེས་གྲངས་མེད་པ
iiif viewer powered by OpenSeadragon
286b - 287b