| | e-texts navigator
|
286a1 ཅན་དམྱལ་བ་པ་ཞེས་ང་འཆད་དོ།།མི་ཕམ་པ་མ་འོངས་པའི་དུན་ཕྱི་མའི་ཆུ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མཱ་ལ་དགེ་སློང་དང་།དགེ་སློང་མ་དང་།དགེ
286a2 བསྙེན་དང་།དགེ་བསྙེན་མ་བྱང་ཆུབ་སེམས་དཔར་ཁས་འཆེ་བ།སྔོན་མུ་སྟེགས་ཅན་དུ་གྱུར་པ།སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་བསྟན་པ་ལེགས་པར
286a3 གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཕྱོགས་གཅིག་ལ་སྤྱོད་པ།གཉེན་ལ་གདུ་བ།རྙེད་པ་དང་།བཀུར་སྟི་ལ་ཆགས་པ།ཁྱིམ་ལ་སེར་སྣ་བྱེད་པ།ཁྱིམ་སུན
286a4 པར་བྱེད་པ།མདོག་ངན་པ།དམན་པཱ་ལ་མོས་པ།བཀའ་བློ་མི་བདྲེ་བ།མ་གྲགས་པ།རིགས་དམའ་བ།ཡོ་བྱད་ལ་ཡོངསུ་ཆགས་པ།ཆོས་ལ་བདྲི་བར་གནས་པའི
286a5 ཟས་ཐམས་ཅད་དང་བྲལ་བ།ཏིང་འཛིན་གྱི་ཟས་ལས་ཤིན་ཏུ་རིང་ཞིང་རྣམ་པར་རིད་བ།སྒྱུ་དང་གཡོ་ལ་གནས་པོ་དག་གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ།དེ་དག་མི་ཤེས
286a6 བཞིན་དུ་དེང་ནི་ཤེས་པ་དང་ལྗོན་ནོ་ཞེས་ཟེར་མི་མཁས་བཞིན་དུ་དད་ནི་མཁས་སོ་ཞེས་ཟེར་ཏེ།ངས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ལ་གནས་ནས་ཐུགས
286a7 རྗེ་ཆེན་པོ་དང་ཐབས་ལ་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བསྙེལ་བ་མི་མངའ་བ་ལ་གནས་ཏེ།མོས་པ་ལ་གཟུང་བའི་ཕྱིར་སེམས་ཅན་ཐམས་ཅད
iiif viewer powered by OpenSeadragon
285b - 286b