| | e-texts navigator
|
285b1 མི་ཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་།བྱམས་པ་གང་གི་ནུབ་མོ་དེ་བཞིན
285b2 གཤེགས་པ་ལེན་པ་མེད་པར་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པའམ།ཅ་ཅོའམ།བསྙེལ་པ་འམ།གསུངས་གིས
285b3 ཉེས་པར་གསུངས་པའམ།ཉེས་པར་དགོངས་པའམ།ཕྲིན་ལས་ཉེས་པར་མཛད་པ་ཅིའང་ཡོད་དམ།གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིསོ།།བཀའ་སྩལ་པ།མི་ཕམ
285b4 པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་།གང་གི་ནུབ་མོ་དེ་བཞིན་གཤེགས་པ་ལེན
285b5 བ་མེད་པར་ཡོངསུ་མྱ་ངན་ལས་འདྲའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་གང་ཅི་གསུངས་པ་དེ་དག་ཐམས་ཅད་ནི་ཡང་དག་པ།དེ་ཁོ་ན་དེ་བཞིན་མ་ནོར་བ་དེ
285b6 བཞིན་ཏེ་གཞན་དུ་མ་ཡིན་ནོ།།འདི་ལ་མི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་མི་ཤེས་ཤིང་ཁོང་དུ་མ་ཆུད་པར་ངའི་ལྡེམ་པོ་དག་ལ་འདི་སྐད་དུ་འདྲི་ནི
285b7 རུང་ངོ་།།འདི་ནི་མི་རུང་ངོ་ཞེས་ཟེར་ཏེ།དེ་ལྟ་བུ་དེ་དག་ནི་དམ་པའི་ཆོས་སྤོང་བ་ཡིན།དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ཏེ།རྒྱུ་དེས་ན་དེ་དག་ནི་སེམས
iiif viewer powered by OpenSeadragon
285a - 286a