| | e-texts navigator
|
285a1 གཤེགས་བདག་ཐཙམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མ་གསུངས་པ
285a2 དེདོམི་བཞུག་སོ།།མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བ་གང་ཆོས་ཀྱི་རྣམ་གྲངས་འདི་གསུང་བར་མི་འགྱུར་བ་གང་ཡིད་མི་འབྱུང་ངོ་།།དེ་ཅིའི་ཕྱིར་ཞེ་ན།གང་ཞིག་ཆོས
285a3 འདི་ལ་སྦྱང་བ་མ་བྱས་པར་ཆོས་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན།ཆོས་སྤོང་བ་ཡིན།དགེ་འདུན་ལ་སྨོད་པ་ཡིན།།དཀོན་མཆོག་གསུམ་ལ་ལོག་པར
285a4 ཞུགས་པ་དེ་ནི་ངས་ངན་སོང་བ་སེམས་ཅན་དམྱལ་བ་པར་གསུང་སོ།།བྱམས་པ་དེ་ལྟ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་གང་དག་བདག
285a5 ལ་འཁྲུལ་པ་མེད་པར་འདོད་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་ཁོང་དུ་ཆུད་པར་བྱས་ལ་དེ་ནས་གདོད་ཆོས་བསྟན་པར་བྱའོ།།བྱམས་པ་ཕྱི་མའི་དུས་ན་དམ
285a6 པའི་ཆོས་བསྡུ་བ་འདྲི་ཁྱོད་ཀྱི་ལས་ཡིན་གྱིས་སོམས་ཤིག།བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏོ།།
285a7 བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ།།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལེ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།།
iiif viewer powered by OpenSeadragon
284b - 285b