e-texts navigator
Collection
Volume
Page
Wylie

283b1 བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན།
283b2 པོ་དབང་ཆེ་བ།དབང་ཚོ་བར་གྲགས་པོ་ཇི་སྙེད་པ་དེ་དག་ཀྱང་།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།ཐལ་མོ་སྦྱར
283b3 ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།།དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པོའི་རྩེ་མོ་མན་ཆད།ལྷ་དང་ཀླུ
283b4 དང་།གནོད་སྦྱིན་དང་།དྲི་ཟོ་དང་ལྷ་མ་ཡིན་དང་ན་མཁའ་ལྡིང་དང་མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དབང་ཆེ་བ།དབང་ཆེ་བར་གྲགས་པ་དག་གིས་གང་བར་མ་གྱུར་པ་ནི་ཐ་ན་འཁར་བའི་རྩེ་མོ
283b5 གཟུགས་པའི་ཕྱོགས་ཙམ་ཡང་མེད་དོ།།དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེན་བཞིན་དུ་ཏིང་འཛིན་དེ་ལས་བཞེངས་ཏེ།བཞེངས་ནས་ཀྱང་འཁོར་ལ་ལྡན་གསུམ་གཟིག་སོ།།
283b6 འཁོར་ལ་གཟིགས་ནས་ཀྱང་སེང་གེའི་བསྒྱིངས་པ་ཆེན་པོ་ལན་གསུམ་མཛད་དོ།།བསྒྱིངས་ནས་ཀྱང་ལྗགས་ཀྱི་དབང་པོ་ལན་གསུམ་ཕྱུང་ངོ་།།ལྗགས་ཀྱི་དབང་པོ་ལན་གསུམ
283b7 ཕྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད།།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས




iiif viewer powered by OpenSeadragon

283a - 284a

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo