e-texts navigator
Collection
Volume
Page
Wylie

283a1 བརྒྱན་ཅིང་གདུག་པས་བདུགས་པ་དང་།མེ་ཏོག་སིལ་མས་ཚལ་པར་གང་བ་དང་།པདྨ་འདབ་མ་སྟོང་ཕྲག་བརྒྱ་བས་ཁེབས་པར་གྱུར་པ་དེ་ལྟ་བུའི
283a2 ཏིངངེ་འཛིན་ལ་སྙོམས་པར་ཞུགསོ།།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་བྱེ་བ་ཕྲག་སྟོང་ཇི་སྙེད་ཡོད་པའི་ཚངས་པ་དེ་དག་རེ་རེ་ཞིང་ཡང་གཡོག
283a3 འཁོར་བྱེ་བ་ཕྲག་སྟོང་དང་།བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཐལ་མོ་སྦྱར་ནས།བཅོམ
283a4 ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནས་གཙང་མའི་རོས་ཀྱི་ལྷའི་བུ་རྣམས
283a5 དང་།ལྷའི་བུ་དབང་ཕྱུག་རྣམས་དང་།དབང་ཕྱུག་ཆེན་པོ་རྣམས་དང་།ལྷའི་དབང་པོ་རྣམས་དང་།ཀླུའི་དབང་པོ་རྣམས་དང་།གནོད་སྦྱིན་གྱི་དབང་པོ་རྣམས་དང་།ལྷ་མ་ཡིན
283a6 གྱི་དབང་པོ་རྣམས་དང་།ནམ་མཁའ་ལྡིང་གི་དབང་པོ་རྣམས་དང་།མི་འམ་ཅིའི་དབང་པོ་རྣམས་དང་།ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་གཡོག
283a7 འཁོར་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ཧ་ཙལ་ཏེ།ཐལ་མོ་སྦྱར་ནས




iiif viewer powered by OpenSeadragon

282b - 283b

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo