e-texts navigator
Collection
Volume
Page
Wylie

279a1 མཚོན་དང་།བདན་རྣམས་ཀྱིས་མཆོད་པ་བྱས་ལ།དེན་སྐྱེས་བུ་དེ་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས་གང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དེ་དག་འཇིག་རྟེན་གྱི
279a2 ཁམས་གཞན་དུ་བྱོ་སྟེ།མ་རུ་ཀའི་ཏིལ་མར་གྱིས་རྒྱ་མཚོ་ཆེན་པོ་བཞི་ལྟར་བཀདྲཝ་བའི་ནང་དུ་སྙིང་པོ་རི་རབ་ཙམ་བཙུགས་ལ།བསྐལ་པ་མང་པོའི་མཐའི་ཇི་སྲིད་པར་མར་མེའི
279a3 རྒྱུན་མི་འཆད་པོར་བུས་ན།ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས།སྐྱེས་བུ་དེ་བཞི་དེ་ལས་བསོད་ནམས་མང་དུ་བསོགས་སྙམ་མམ།གསོལ་པ།བཅོམ་ལྡན་འདས་མང་ལགསསོ།།
279a4 བདེ་བར་གཤེགས་པ་མང་ལགསོ།།ཉན་ཐོས་དང་།རང་སངས་རྒྱས་ཐམས་ཅད་ལས་འདས་པ་ལགས་ཏེ།བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པའི་ཡུའོ།།
279a5 བདེ་བར་གཤེགས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལོ།།བཀའ་སྩལ་པ།ཤཱ་རིའི་བུ་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དང་།ཆོས་དང་།
279a6 དགེ་འདུན་ལ་སྐྱབསུ་སོང་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མངས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ།སྟོང་དང་།བརྒྱ་སྟོང་གི་ཆ་དང་།གྲངས་དང་།།
279a7 རྒྱུ་དང་།བགྲང་བར་ཡང་ཉེ་བར་མི་འགྲོའོ།།དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས།རབ་ཏུ




iiif viewer powered by OpenSeadragon

278b - 279b

Texts on this page

N210 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo