e-texts navigator
Collection
Volume
Page
Wylie

278b1 ལ་སངས་རྒྱས་དང་།ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབ་སུ་མཆིས་པའི་གང་ཟག་དྲའ་བསོད་ནམས་ཇི་སྙེད་ཅིག་བསོགས་པར་འགྱུར་སྙམ་བགྱིད་ལགས།།དེ་སྐད་ཅེས་གས་པ་པ་དང་།བཅོམ
278b2 ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཤཱ་རིའི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་།སྐྱེ་བོ་མང་པོ་ལ་བདེ་བ་དང་།འཇིག་རྟེན་ལ་སྙིང་བརྩེ་བ་དང་།སྐྱེ་དོའི
278b3 ཚོགས་ཕལ་པོ་ཆེའི་དོན་དང་།ལྷ་དང་མི་རྣམས་ལ་ཕན་པ་དང་།བདེ་བའི་ཕྱིར་ཞུས་པ་ལེག་སོ་ལེགསོ།།གང་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ཏེ་དོན་འདི་ཡོངསུ་ཞུ་བར་སེམས
278b4 པ་དེ་ནི་ཤཱ་རིའི་བུ་དོན་དེ་ཉིད་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེས་བསྟན་པར་བྱ་སྟེ།སྐྱེས་བུ་གང་ཟག་འགའ་ཞིག་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས་གང་འདྲི་ཛམྦུའི
278b5 གླིང་དང་ཉེ་བའི་གླིང་ཞེང་དང་སྲིད་དུ་དཔག་ཚད་བདུན་སྟོང་ཡོད་པའི་ཛམྦུའི་གླིང་དེ་ནི་གང་སྲོག་ཆགས་གནས་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་བཀོད་དེ།ལག་མཐིལ་ལྟར
278b6 མཉམ་པར་བྱས་པ་རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ།གསེར་དང་།དངུལ་དང་།བཻ་ཌཱུརྱ་དང་།ཤལ་དང་།མུ་ཏིག་དམར་པོ་དང་།རྡོའི་སྙིང་པོ་དང་།སྤུག་རྣམས་ལ་ཛམྦུའི་གླིང་ཙམ
278b7 གྱི་མཆོད་རྟེན་སྲིད་དུ་ཚངས་པའི་འཇིག་རྟེན་གྱི་བར་ལ་ཐུག་པར་བརྩིགས་ཏེ།མཆོད་རྟེན་དེ་ལ་ལྷའི་སྤོས་དང་།ལྷའི་མེ་ཏོག་དང་།ལྷའི་ཕྲེང་བ་དང་།ལྷའི་གདུགས་དང་།རྒྱལ




iiif viewer powered by OpenSeadragon

278a - 279a

Texts on this page

N210 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo