e-texts navigator
Collection
Volume
Page
Wylie

278a1 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།ཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྟུལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུངྒཱ་དགའ་ར་བ་དགེ་སྦྱོང་སྣོང་ཉིས
278a2 བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུག་སོ།།དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གཅིག་པུ་དབེན་པར་འདུག་པ་དང་།སེམས་ཀྱིས་སེམས་ཀྱི་ཡོངསུ་རྟོག་པ་འདི་ལྟ་བུ
278a3 སྐྱེས་སོ།།སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར་ན།བདྲི་བར་གཤེགས་པ་ཆོས་ཀྱི་རྗེའི་སྤྱན་སྔར་བདག་སོང་ལ་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས
278a4 དང་།ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབསུ་སོང་བའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅོག་ལ་སོགས་པར་འགྱུར་བའི་དོན་དེ་ཞུ་བར་བྱའོ་སྙམ་དུ་སེམསོ།།དེ་ནས་ཚེ་དང་ལྡན་པ
278a5 ཤཱ་རིའི་བུ་ཕྱི་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་པར་འཇོག་ལས་ལངས་ཏེ།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱེག
278a6 བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལེ་ཚེ་དང་ལྡན་པ་ཤཱ་རིའི་བུས་འོད་སྐད་ཅེས་གསོལ་ཏོ།།བཙུན་པ་བདག་གཅིག་པུ་དབེན
278a7 བར་མཆིས་ཏེ།ནང་དུ་ཡང་དགེ་འཇོག་ལ་མཆིས་པ་ན་སེམས་ཀྱིས་སེམས་ཀྱི་ཡོངསུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ།རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ




iiif viewer powered by OpenSeadragon

277b - 278b

Texts on this page

N210 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo