e-texts navigator
Collection
Volume
Page
Wylie

276b1 སྦྱངསོ།།དེ་དག་གིས་ནི་ཡོན་གནས་སུ་གཟུང་བར་བྱའོ།།དེ་དག་གིས་ནི་བསོད་ནམས་ཀྱི་ཞིང་དུ་བལྟ་བར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་མངོན་པའི་ང་རྒྱུ་ལ
276b2 ཅན་རྣམས་དང་།འབྲས་བུ་ལ་དམིགས་པ་རྣམས་དང་།བྱང་ཆུབ་ལ་དམིགས་པ་རྣམས་དང་།སྔོན་གྱི་རྒྱལ་བ་རྣམས་ལོ་བྱ་བ་མ་བྱས་པ་རྣམས་ཀྱིས་བཟོད་པར་མི་ནུས་པའི་ཕྱིར་རོ།།ཆོས་ཀྱི
276b3 རྣམ་གྲངས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།།
276b4 འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ།གང་གི་ཚེ་འཛུམ་པ་མཛད་པོ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ།སྔོན
276b5 བོཔོ་དང་།སེར་པོ་དང་།དམར་པོ་དང་།དཀར་པོ་དང་།བརྗོད་ཀ་དང་།ཤེལ་དང་།དངུལ་གྱི་ཁ་དོག་ལྟ་བུ་དགེ་བྱུང་ནས།འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང
276b6 བྱས་ཁྱབ་པར་བྱས་ཏེ།ཚངས་པའི་འཇིག་རྟེན་གྱི་བར་དག་དུ་སོང་ནས་ཕྱིར་ལོག་སྟེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་ནུབ་པར་གྱུར
276b7 ཏོཏེ།།དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ལ་བཙུགས་ཏེ།




iiif viewer powered by OpenSeadragon

276a - 277a

Texts on this page

N209 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo