e-texts navigator
Collection
Volume
Page
Wylie

274a1 ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པ་ཐམས་ཅད་ངེས་པར་སྲེག་པ་ལགས་པའི་སླད་དུའོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི
274a2 སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ།ཀུན་ཆུབ་པར་བགྱིད་པ་འམ།མོས་པར་བགྱིད་པ་དེ་དག་ནི་ཉོན
274a3 མོངས་པ་མ་མཆིས་པར་གནས་པའི་མཆོག་ཏུ་བསྟན་པར་བགྱི་བ་ལག་སོ།།དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པའི་ངགྲ་ཐམས་ཅད་དང་བྲལ་བ
274a4 དང་།ཆོས་ཐམས་ཅད་ཀྱིས་མ་གོས་པ་ལགས་པའི་སླད་དུའོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།།བཅོམི་ལྡན་འདས་རིགས་ཀྱི་བུ
274a5 འམ།རིགས་ཀྱི་བུ་མེ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ།ཀུན་ཆུབ་པར་བགྱིད་པ་འམ།མོས་པར་བགྱིད་པ་དེ་དག་ནི་སྦྱངས་པའི་ཡོན་ཏན་སྨྲ་བའི་མཆོག་ཏུ་བསྟན་པར
274a6 བགྱི་བ་ལགས་སོ།།དེ་ཅིའི་སྤྱད་དུ་ཞེ་ན།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པ་ཐམས་ཅད་སྦྱངས་པ་དང་།ཆོས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར
274a7 བབའི་སླད་དུའོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ




iiif viewer powered by OpenSeadragon

273b - 274b

Texts on this page

N209 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo