| | e-texts navigator
|
273a1 པ་དེ་ཉིད་མདུན་ལས་འདས་པ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ།ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པའང་རབ་ཏུ་ཤེས་ཏེ།དེ་ལྟར་ཡང་དག་པར་ཞུགས
273a2 པ་དེ་དག་ནི་ཆོས་གང་ཡང་ལེན་པར་མི་བྱེད།འདོར་བར་མི་བྱེད།སེལ་བར་མི་བྱེད།འཇོག་པར་མི་བྱེད་དོ།།ཆོས་ཀྱི་དབྱིངས་ལོ་གནས་ཏེ་གཡོ་བ་མདོ།།མི་གཡོ་བས་ན་གནས་སྒོམ་པར
273a3 མི་བྱེད།མི་སྒོམ་པས་ན་གནས་མེདོ།།གནས་མེད་པས་ན་གཡོ་བ་མེད་དོ།།འདི་ནི་དེ་བཞིན་གོ་ཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་གཡོ་བ་མེད་པ་སྟེ།དེ་དག་ལ་ནི་གཡོ་བར་བྱ་ཞིང
273a4 འཕགས་པར་བྱ་བ་འམ།དོར་བར་བྱ་བ་འམ།བླང་བར་བྱ་བའི་ཆོས་ཅིའང་མི་དམིགསོ།།དེ་ཅིའི་ཕྱིར་ཞེ་ན།ཆོས་ཀྱི་ཚུལ་ནི་ན་མཁའི་ཚུལ་ཉིད་ཡིན་ལ།ན་མཁའ་ལ་ནི་གཡོ་བ་འང
273a5 མེད།འཕགས་པའང་མེད་དུའི་ཕྱིར།།རིགས་ཀྱི་བུ་དེ་ལྟར་ཡང་དག་པར་ཞུགས་པ་ཤེས་པ་དང་ལྗོན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཤེས་པའི་ཡོངསུ་ཤེས་པ་དེ་ལས་བསྐྱོད
273a6 ཅིང་བསྐུལ་བར་མི་ནུསོ།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་ངོས་མི་གཡོ་བའི་ཡེ་ཤེས་ཐོབ་པའི་ཕྱིརརོ།།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ
273a7 གཟར་ནས།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
iiif viewer powered by OpenSeadragon
272b - 273b