| | e-texts navigator
|
272b1 སེམས།ཅི་མཱི་དེ་སྣང་བ་འང་མ་བྱུང་།ཤིང་དེའང་མངོན་སུམ་དུ་མ་བྱས་པར་ཤིང་སྟུག་པོ་དེ་ལས་འཕགས་པ་འམ།ཆོམ་རྐུན་གྱི་འཇིགས་པ་མེད་པར་འགྱུར་རམ།གསོལ་པ།བཅོམ
272b2 ལྡན་འདས་དེ་ནི་མ་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས།ཅི་མི་དེ་སྣང་བའང་ཡོད་ལ་ཤིང་ཡང་མངོན་སུམ་དུ་བྱས་ན་ཤིང་སྟུག་པོ
272b3 དེ་ལས་འཕགས་པ་འམ།ཆོམ་རྐུན་གྱི་འཇིགས་པ་མེད་པར་འགྱུར་རམ།གསོལ་པ།བཅོམ་ལྡན་འདས་དེ་དེ་ལྟ་ལགསོ།།དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས་འདི་ལྟར་མི་དེས
272b4 འཇིགས་པ་མ་མཆིས་པ་ལ་འཇིགས་པའི་འདུ་ཤེས་བསྐྱེད་ཅིང་།ཡང་དག་པ་མ་ལགས་པ་ཀུན་བརྟགས་པའི་སླད་དུའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་དེ
272b5 བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྩོད་པས་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལྕོག་ཏུ་གྱུར་པ།མ་རིག་པའི་མུན་པས་མིག་ཀུན་ནས་གཡོག་པ།ཐམས་ཅད་མེད་བཞིན་དུ་སྒྲོ་བཏགས་པས
272b6 འཁོར་བའི་འཇིགས་པས་སྐྲག་ནས་འཁོར་བ་ལས་ངེས་པར་འབྱུང་བ་ཡོངསུ་ཚོལ་ལོ།།དེ་དག་གིས་གང་དུ་འཇིགས་པའི་འདུ་ཤེས་བསྐྱེད་པའི་འཁོར་བ་དེའང་དོན་དམ་པར་མི
272b7 དམིགས་ན་དེ་དག་མྱ་ངན་ལས་འདས་པ་ནི་འཇིགས་པ་མེད་པའོ་ཞེས་ཡོངསུ་ཚོལ་བར་བྱེད་དོ།།དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པ་ཡང་དག་པར་ཞུགས་པ་རྣམས་ནི་འཁོར
iiif viewer powered by OpenSeadragon
272a - 273a