e-texts navigator
Collection
Volume
Page
Wylie

330b1 ཆོས་མི་སྤྱོད་པ་སྟེ།སྤྱོད་པའང་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་བྱམས་པར་སྤྱོད་པའི་སངས་རྒྱས་ཀྱིས་སྤྲུལ་པ་སྒྱུ་མ་མང་པོ་ནི་སེམས་ཅན་བྱེ་བ་དང་།བྲམ་ཟེའི་མཁན་པོས་མི་ཤེས་ཏེ།སངས
330b2 རྒྱས་ཉིད་ཀྱིས་སྒྱུ་མུ་མཁྱེན་ཏེ།དེ་བཞིན་གཤེགས་པ་སངས་རྒྱས་ནི་སྒྱུ་མའི་རྒྱལ་པོའོ།།མཁན་པོའི་ཆུང་མ་དགའ་བྱེད་མས་སྨྲས་པ།ཀྱེ་མ་སེམས་ཅན་འདི་བྲམ་ཟེའི་བུ་མོ་འོཇོ་མའི་སྐུ་མཐོང
330b3 ཡང་སངས་རྒྱས་ཀྱི་ཆེ་བ་ཡིན་པར་མི་ཤེས་སོ།།ཇི་ལྟར་ཙན་ཙ་སྒྱུ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་སངས་རྒྱས་ཀྱིས་སྒྱུ་མ་སྤྲུལ་པའོ།།དེ་བས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བདག་གིས
330b4 བསྐྱེད་དོ།།གདོལ་པས་ཁྱེད་ལ་བསྙེན་པར་མི་ནུས་ནི།རྒྱལ་པོ་སེམས་ཅན་མང་པོ་དང་།འགྲོ་བའི་དཔལ་དང་།བྱིན་གྱིས་བརྒྱལ་བར་འགྱུར་ན།མདུན་དུ་འཇུག་པ་ལྟ་ཅི་སྨྲོས།དེ་ལྟར
330b5 མིས་མིའི་དྲུང་དུ་བསྟན་པར་མི་ནུས་ན།ལྷ་དྲུང་མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟན་པར་བྱ་བ་དང་།དེ་བཞིན་གཤེགས་པའི་སྒྱུར་བར་ལྟ་ག་ལ་ནུས་ཏེ།དེ་བཞིན་གཤེགས་པ་ལ
330b6 རིམ་གྲོ་བྱེད་པའི་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།ཤ་ཟ་དང་།ལྷ་མ་ཡིན་ཚད་མེད་པ་དང་།ནམ་མཁའ་ལྡིང་གིས་དེ་ལ་གནོད
330b7 པར་བྱེད་དོ།།གལ་ཏེ་འདི་ལྟ་བུའི་སེམས་ཅན་འབྱུང་ན།བཅོམ་ལྡན་འདས་ཀྱང་སྡིག་བྱེད་པ་རྣམ་པ་མང་པོ་སྟོན་ཏེ།མ་འོངས་པའི་སེམས་ཅན་འདི་ལྟ་བུའི་སྡིག་མ་རུངས་པ་བྱེད་པ་འབྱུང




iiif viewer powered by OpenSeadragon

330a - 331a

Texts on this page

N198 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo