| | e-texts navigator
|
330a1 མངའོ།།དེས་འདི་སྐད་ཅེས་སྨྲ་ས་ནས།དེ་ཉིད་དུ་མི་སྣང་བར་གྱུར་ཏོ།།དེ་ནས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས།བཅོམ་ལྡན་འདས་ལ་འདི་སྐད་ཅེས
330a2 གསོལ་ཏོ།།བཅོམ་ལྡན་འདས་དེ་ཅི་སྒྱུ་མ་ལགས་སུམ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་མ་འདི་ནི་སྤྲུལ་པ་ཡིན་ནོ།།སྤྲུལ་པའི་མས་ཇི་ལྟར་སྨྲས་པ་བཞིན
330a3 ཏེ།བྱང་ཆུབ་སེམས་དཔའ་སྤྱོད་པ་སྒྱུ་མའང་དེ་བཞིན་ནོ།།དེ་ནས་སོར་མོའི་ཕྲེང་བའི་མཁན་པོ་ནོར་བུ་བཟང་པོ་ཞེས་བྱ་བ་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འདུག་ནས་ཚིག་འདི་ཞེས
330a4 སྨྲས་སོ།།སེང་གེ་དང་ཝ་འོདྲ་ཡུན་རིང་ཞིག་ཏུ་མཛའ་བོར་བྱས་ཀྱང་།དེས་སེང་གེའི་ང་རོའི་སྒྲ་འཛིན་པར་མི་ནུས་ཏེ།ཝ་འདྲེ་ཡང་ཐོས་པ་ཙམ་གྱིས་མཆིའོ།།ཡང་ཅི་ཝ་འདྲེ་དེ་དོམ
330a5 གྱི་སྐད་དུ་འབྱིན་ན།སེང་གེའི་རྒྱལ་པོ་ཆེན་པོ་སྒྲ་སྐད་འབྱིན་པ་ཡིན་ནམ།སྲེང་གེ་ང་ཝ་དང་དོམ་གྱི་སྒྲ་སྐད་དུའང་ང་རོ་མི་འབྱིན་གྱི།སེང་གེའི་སྒྲ་རང་སྒྲོགས་སོ།།དེ་བཞིན་དུ་ཝ་འདྲེ་ལྷ
330a6 བུ་བདག་གིས་བྱང་ཆུབ་སེམས་དཔའ་སེང་གེ་ལྟ་བུའི་མཁན་པོ་བྱ་སྟེ།ཡུན་རིང་མོ་ཞིག་ཏུ་ལྷན་ཅིག་འཁོད་ཀྱང་བྱང་ཆུབ་སེམས་དཔའི་སྒྲ་སྐུད་འཛིན་ལྟ་གེ་ལ་ནུས་ཏེ།གལ་ཏེ་འདི
330a7 ཐབས་མ་ཡིན་ན་དེའི་རྩལ་གྱིས་འཆི་བར་འགྱུར་ཏེ།ཡི་དྭགས་ལྟ་བུ་བདག་གི་གླེན་པའི་ཆོས་ལ་སྦྱོར་བ་དང་།ཉན་དུ་གཞུག་པ་ལྟ་ཅི་སྨོས།བྱང་ཆུབ་སེམས་དཔའ་ནི་གླེན་པའི
iiif viewer powered by OpenSeadragon
329b - 330b