| | e-texts navigator
|
329a1 དང་རབ་ཏུ་ལྡན་པར་གྱུར་ཏེ།སེམས་ཅན་ཚེ་དཔག་ཏུ་མེད།གཟི་བརྗིད་དང་།ཁ་དོག་དཔག་ཏུ་མེད།འཇིག་རྟེན་ན་དཔེ་དང་།རྒྱུ་དང་བྱེད་པ་མེད་དེ།རྟག
329a2 ཏུ་དགའ་ཞིང་མོས་པ་དང་།དཔེ་མེད་པ་དེ་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་རིན་པོ་ཆེའི་ནོར་བུ
329a3 རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ད་ལྟར་བཞུགས་ཏེ།འཚོ་ཞིང་གཞེས་པ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱོར་ཏེ་རྗེས་སུ་ཡི་རང་བར་བྱོས་ཤིག།དེ་བཞིན་གཤེགས་པ་དེ་གཞན
329a4 མ་ཡིན་ཏེ།འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ནོ།།འཇམ་དཔལ་གཞོན་ནུར་གྱུར་པ་དང་།སོར་མོའི་ཕྲེང་བ་གཉིས་ཀྱི་མིང་གང་གིས་ཐོས་སམ།དེ་ལ་རྟག་ཏུ
329a5 ཕྱག་འཚལ་ན།སེམས་ཅན་དེ་དག་གོ་ཁྱིམ་ཉིད་དུ་དགའ་བ་ཅན་གྱི་འཇིག་རྟེན་མཐོང་སྟེ།ངན་འགྲོ་རྣམ་བཞིའི་སྒོ་བཅད་པར་འགྱུར་རོ།།དེ་གཉིས་ཀྱི་མིང་ཐོས་ནས་ཕྱི་རོལ
329a6 པ་རྣམས་དང་།ཕྲས་ཕམ་པ་དང་།མཚམས་མེད་པར་གྱུར་པས་འཕྱ་བ་འམ།སྙིང་པ་འམ།འདྲན་ཏོར་རམ།གཞན་གྱིས་བསླབས་སམ།རྙེད་པ་དང་།བཀུར་སྟི་དང་།།
329a7 ཚིགས་བཅད་ཀྱི་ཕྱིར་ཡང་རུང་སྟེ།དེ་དག་གིས་ངན་འགྲོ་བཞིའི་སྒོ་བཅད་པར་འགྱུར་རོ།།རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་གིས་འདི་གཉིས་ཀྱི་མིང་གིས་བསྲུང་བར
iiif viewer powered by OpenSeadragon
328b - 329b