e-texts navigator
Collection
Volume
Page
Wylie

327b1 རྣམས་ཀྱིས་མི་བཟོད་དོ།།དེ་ལྟར་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་གསདུ་ངས་ཕོག་པའང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཟོད་དོ།།རྒྱལ་པོ་ཆེན་པོ་སངས་རྒྱས།
327b2 ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན།འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི
327b3 འཇིག་རྟེན་གྱི་ཁམས་དེ་ན།དེ་བཞིན་ག་ཤུགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན
327b4 པོ་ཞེས་བྱ་བ་ད་ལྟར་བཞུགས་པ་འཚོ་ཞིང་གཞེས་ཏེ།དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་མེད།ཐག་པ་གཅིག་ལས་ཐེག་པ་གཞན་གྱི་མིང་ཡང་མེད།རྒ་བ་དང་།ནུབ
327b5 དང་།སྡུག་བསྔལ་ཡང་མེད།ཡིད་མི་བདེ་བའང་མེད།རབ་ཏུ་བདེ་བ་ཐམས་ཅད་དང་ལྡན་ཏེ།སེམས་ཅན་དེ་དག་ཚེ་དཔག་ཏུ་མེད།སེམས་ཅན་དེ་དག་ཐམས་ཅད་གཟི་བརྗིད
327b6 དང་།ཁ་དོག་ཚད་མེད་དེ།འགྲོ་བ་དེ་དག་གི་དཔེ་དང་རྒྱུ་དང་།བྱེད་པ་མེད་པ་དང་།འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ལྟ་བུ་དཔེ་མེད་དེ།དེ་བཞིན་གཤེགས
327b7 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱར་ལ་རྗེས་སུ་ཡི་རང




iiif viewer powered by OpenSeadragon

327a - 328a

Texts on this page

N198 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo