| | e-texts navigator
|
327a1 རྟེན་ཐམས་ཅད་ལ་ཕྲན་པར་མཛད་པའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་བཅུ་སྔར་མེད་པ་ལྟ
327a2 བུདུ་བསྟན་ལ།ཕྱིས་བདག་གི་ཆེ་བ་ཉིད་ཀྱང་སྨྱོན་པས་དེ་འཇིག་རྟེན་ན་སྤྲིན་ལྔས་གྲོལ་བ་ཟླ་བ་ལྟ་བུར་མཛེས་པར་གྱུར་ཏེ།སེམས་ཅན་བྱེ་བ་མང་པོ་བསྒྲལ་ནས།དེ་བཞིན་གཤེགས
327a3 པོའི་ཆེ་བ་ཉིད་ཀྱང་སྟོན་ཏོ།།རྒྱལ་པོ་ཆེན་པོ་སོར་མོའི་ཕྲེང་བ་ནི་སྡིག་ཅན་མ་ཡིན་ཏེ།ཐབས་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ།།རྒྱལ་པོ་ཆེན
327a4 བོཔོས་གསོལ་པ།མཁན་པོའི་མཆིས་བྲང་དང་ལྷན་ཅིག་ཏུ་ལས་ངན་པ་སྤྱོད་ཅིང་མཁན་པོའི་དམོད་པའི་ཆོས་ཀྱི་འདྲེར་གྱུར་ན་ཅིའི་སླད་དུ་སྡིག་པར་མི་འགྱུར།བཅོམ་ལྡན་འདས
327a5 ཀྱིས་བཀའ་སྩལ་པ།སོར་མོའི་ཕྲེང་བ་མཁན་པོའི་ཆུང་མ་དང་ལྷན་ཅིག་ཏུ་ལས་ངན་པ་སྤྱོད་པ་མ་ཡིན་གྱི།མཁན་པོའི་ཆུང་མས་གཟུགས་མཐོང་ནས་སེམས་གྱུར་ཏེ།སྡིག་པ
327a6 རབ་ཏུ་བྱེད་པ་ལྟར་མཁན་པོའི་ཆོས་ཀྱིས་རྩེ་བར་ཐམས་ཅད་རྟོག་པར་འགྱུར་རོ།།རྒྱལ་པོ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ་དཔེར་ན།གླང་པོ་ཆེ་བརྡེག་པ་ནི་བོང་བུས་མི
327a7 བཟོད་དོ།།དེ་བཞིན་དུ་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་མི་མཆོག་གླང་པོ་ཆེའི་དགོངས་ཏེ།གསུངས་པའི་གསང་བའི་སེཾས་ཕོག་པའང་ཉན་ཐོས་དང་།རང་སངས་རྒྱས
iiif viewer powered by OpenSeadragon
326b - 327b