e-texts navigator
Collection
Volume
Page
Wylie

190b1 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་།ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར
190b2 བཅས་པའི་འཇིག་རྟེན་དེ་དགེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།།འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན
190b3 པོའི་མདོ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་བདི་བྱཱཀ་ར་སིདྡྷ་དང་།ལོ་ཙཱ་བ་བནྡེ་སྥ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་ནས་གཏན་ལ་ཕབ་པ།
190b4 རྒྱ་གར་སྐད་དུ།ཨཱརྱ་ཤཱ་ལི་སམྦྷ་བ་ནཱ་མཱ་མ་ཧཱ་ཡཱ་ནཾ་སཱུ་ཏྲ།བོདྲ་སྐད་དུ།འཕགས་པ་སཱ་ལུའི་ལྗང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང
190b5 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང
190b6 ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེའི་ཚེ་ན་ཚེ་དྲང་ལྡན་པ
190b7 ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ཕྱོགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱ་བའི་གཏམ




iiif viewer powered by OpenSeadragon

190a - 191a

Texts on this page

N194 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo
N195 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo