e-texts navigator
Collection
Volume
Page
Wylie

189a1 ཕྱེ་མ་དང་།ན་བཟའ་དང་།གདུགས་དང་།རྒྱལ་མཚན་དང་།བ་དན་དག་གིས་མཆོད་པ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ།སེང་གེའི་སྒྲ་བསྒྲགས།
189a2 པའི་མདོ་སྡེ་འདྲི་སེམས་ཅན་གང་གི་རྣ་བར་ཐོས་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ།།དེ་ནས་བཅོམ་ལྡན་འདས
189a3 ཀྱིས་བྱང་ཆུབ་སེམས་དཔའ་དྲི་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ།རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏོ།ལེགས་སོ་ལེགས་སོ།།གླང་དེ་བཞིན་གཤེགས་པའི
189a4 ཡང་དག་པའི་སེང་གེའི་སྒྲ་འདི་ཐོས་ནས་རབ་ཏུ་དད་པའི་སེམས་ཀྱིས་ལེགས་སོ་ཞེས་བྱ་བ་འགའ་ཞིག་རྗེས་སུ་འབུལ་ནའང་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དེ་དགེ་བའི་རྩ
189a5 བ་ངན་ངོན་དང་ལྡན་པ་མ་ཡིན་ཏེ།དེ་དག་ངས་ཡོངས་སུ་བཟུང་བ་ཡིན་ནོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་འགྲོན་དུ་གཉེར་བར་བྱེད་དོ།།
189a6 དེ་དག་གིས་ང་ཡི་བྱང་ཆུབ་ཕྲག་པ་ལ་ཁྱེར་བ་ཡིན་ནོ།།གང་སྙིགས་མ་ལྔ་དག་ལ་བབ་པའི་ཚེ་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་དག་ནི་ངས་ཡོངས་སུ་སྨིན་པར
189a7 བྱས་པ་ཡིན་ཏེ།ཚེ་རབས་གཞན་དུའང་མི་ཕམ་པས་ཡོངས་སུ་འཛིན་པར་འགྱུར་རོ།།དེའི་སྐྱེ་བའི་རྒྱ་མཚོ་བསྐམས་པ་ཡིན་ནོ།།བདུད་འཕམ་པར་བྱས་པ་ཡིན་ནོ།།




iiif viewer powered by OpenSeadragon

188b - 189b

Texts on this page

N194 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo