e-texts navigator
Collection
Volume
Page
Wylie

185a1 གྱི་ཁ་དོག་ལྟ་བུའི་འོད་ཟེར་བརྒྱ་སྟོང་ཕྲག་དུ་མས་ཕྱོགས་བཅུ་སྣང་བར་མཛད་དོ།།དེ་ནས་སྐད་ཅིག་དེ་ཉིད་ཁྲུས་ཆེན་པོ་གཡོས་པར་གྱུར་ཏོ།།ཕྱོགས་བཅུ
185a2 ནས་ཀྱང་བྱང་ཆུབ་སེམས་དཔའ་གཟུགས་དང་།ཁ་དོག་དང་།ཚུལ་དུ་མ་འཚང་བ་དག་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་འཇིག་རྟེན་གྱི་ཁམས་དེ
185a3 ཐམས་ཅད་འདུས་ཏེ།བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་རང་རང་གི་དགེ་བས་བསྒྲུབས་པས་འདུག་སྟེ།པུས་མོ་གཡས་པའི་ལྷང་སཱ་ལ་བཙུགས
185a4 ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ།ངོ་མཚར་དུ་གྱུར་པ་དང་།རྨད་དུ་གྱུར་པ་ལ་འཛུམ་དམྱལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས
185a5 གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་ཆོ་འཕྲུལ་དུ་མ་དག་མཐོང་ལགས་ཏེ།བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་དག
185a6 སྔོན་ནམ་ཡང་མ་མཐོང་ལེགས་སོ།།བཅོམ་ལྡན་འདས་འདིའི་དོན་དེ་ནི་ལེགས་པ་ལགས་ཏེ།གྲང་བཅོམ་ལྡན་འདས་ཀྱིས་འཛུམ་པ་དེ་ལྟ་བུ་མཛད་པའི་དོན་དེ་བདག་ཅག
185a7 ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ།དེ་ནས་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ།རྣམ་འདྲེན




iiif viewer powered by OpenSeadragon

184b - 185b

Texts on this page

N194 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo