| | e-texts navigator
|
184a1 རྒྱ་གར་སྐད་དུ།ཨཱརྱ་སིདྷནཱ་དི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
184a2 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་མདག་གིས་ཐོས་པ་དུས་གཅིག་ནི།བཅོམ་ལྡན་འདྲེས་ཉི་ཟླའི་གནས་རྣམ་པར་རྒྱལ
184a3 བྱེད་ཀྱི་ཁར་བཟང་གྲི་ནང་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་།དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་སོ།།དེའི་ཚེ
184a4 བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ལ་བཀའ་སྩལྔ་པ།རྣམ་པར་རྒྱལ་བའི་ཕུང་པོ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས
184a5 ན་གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགྲའ་བ་ཞེས་བྱ་བ་ཞིག་ཡོད་དེ།དེ་ནི་དེ་བཞིན
184a6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་འཕགས་ཞེས་བྱ་བ་དེ་ལྟར་བཞུགས་ཏེ།འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ།།དེ་བཞིན
184a7 གཤེགས་པ་དེ་ལ་བལྟ་བ་དང་།ཕྱག་བྱ་བ་དང་།བསྙེན་བཀུར་བྱ་བ་དང་།མཆོད་པ་བྱ་བའི་ཕྱིར་སོང་ཞིག།དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི
iiif viewer powered by OpenSeadragon
183b - 184b