e-texts navigator
Collection
Volume
Page
Wylie

177b1 བཅས་པར་བཟུང་ཞིང་ཀུན་ཆུབ་པར་བྱས་ཏེ།ཀུན་ཆུབ་པར་བྱས་ནས་ཀྱང་མོས་པའི་མཐུ་དང་ལྡན་པར་གྱུར་ཏེ།གྲོང་དང་གྲོང་ཁྱེར་དང་།ལྗོངས་དང་།ཡུལ་དང་ཡུལ
177b2 འཁོར་དང་།ཕོ་བྲང་འཁོར་དུ་འོངས་ནས་བ་དག་ནི་སྨན་པའོ།།བདག་ནི་སྨན་པའོ་ཞེས་བདག་ཉིད་ཁས་འཆེའོ།།དེ་ནས་དེ་མ་ཐག་ཏུ་སྲོག་ཆགས་ནད་སྣ་ཚོགས
177b3 ཀྱིས་གཟིར་བྱ་སྟོང་ཕྲག་དུ་མ་སྲོག་གི་སྐྱབས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ག་ལྭ་བ་དེར་ལྷགས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི
177b4 རྒྱལ་མཚན་མོས་པའི་མཐུ་ལོ་གནས་པོའི་སེམས་ཀྱིས་སེམས་ཅན་དེ་དག་ལ་ཆོས་ཀྱི་གཞུང་འདིས་བྲིམས་སོ།།ཆོས་ཀྱི་རྣམ་གྲངས་འདི་ལས་གང་རིག་སྔགས
177b5 འབྱུང་བ་དེ་དག་གིས་ཀྱང་བསྲུང་བ་དང་།བསྐྱབས་པ་དང་།ཡོངས་སུ་བཟུང་བར་བྱས་སོ།།འཇམ་དཔལ་དེ་ལ་རིག་སྔགས་ཀྱི་ཚིག་དེ་དག་ཀྱང་གང་ཞེ་ན།ཏདྱ
177b6 ཐཱ།ུ་ལ་ཏ།བི་ཏཱ་ལ།བི་བི་ན། ཏིཪྻཱ། བྷི་ད། ནུ་ཌ།བི་བྲམྦྷ།ན་ཧེ་ཁཱ་ག་རུ་དཱ།མཱ་ཡཱ་སུ་ཁ། ནཱ་ན་ཏེ།ཛ་ལ་ད།ན་ད་མི་ཏྲ། མི་ཏྲ།
177b7 ཛོ་ཏྲ་ཧྲི་ཏྲ།སརྦ་ཏྲ་ལ།ཾ་ག་མཾ་ག་ཨནྨ་ཡུ་ཏ།ས་བྲམྦ་ཨིཾ་ཤ།རིག་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སེམས་ཅན་དེ་དག་བསྲུང་བ་བྱས་སོ།།དེས་གལ་ཏེ།




iiif viewer powered by OpenSeadragon

177a - 178a

Texts on this page

N192 - glang po'i rtsal zhes bya ba theg pa chen po'i mdo