e-texts navigator
Collection
Volume
Page
Wylie

176b1 བྱའོ།།ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་རེ་བར་བྱའོ།།ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་བྱེད་པའི་ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱུང་བར་རེ་བར་བྱའོ།།
176b2 ཆོས་ཀྱི་རྣམ་གྲངས་འཆད་པ་ནའང་ཆོས་ཀྱི་སྒོ་བརྒྱ་སྟོང་དུ་མི་ཐོབ་པར་རེ་བར་བྱའོ།།བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་།མཐའ་ཡས་འཁྱིལ་པའི་གཟུངས་ཐོབ
176b3 པར་ཡང་རེ་བར་བྱའོ།།ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་པ་ནའང་བདུད་ཀྱིས་བསྐོར་བ་མེད་པར་རེ་བར་བྱའོ།།སངས་རྒྱས་མངོན་དུ་བཞུགས་པར་ཡང་སྐྱེ་བར
176b4 རེ་བར་བྱའོ།།སྨོན་ལམ་ཐམས་ཅད་གྲུབ་པར་ཡང་རེ་བྱར་བྱའོ།།སྲོག་ཆགས་ཀྱི་རིགས་རྐང་པ་མེད་པ་དང་།རྐང་གཉིས་པ་དང་།རྐང་བཞི་པ་དང་།རྐང་པ
176b5 མྱང་པོ་དུག་ཅན་རྣམས་ལས་བསྲུངས་བྱར་རེ་བར་བྱའོ།།དྲི་ལ་མིའི་རྒྱལ་པོ་འཁྲུག་པའི་འཇིགས་པ་མྱེད་པར་རེ་བར་བྱ་སྟེ།འཇམ་དཔལ་གང་སེམས་ལ་ཐེ
176b6 ཆོམ་མེད་པ་དང་།ནེམ་ནུར་མེད་པར་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བྱེད།འཆང་བར་བྱེད།ཀློག་པར་བྱེད།ཀུན་ཆུབ་པར་བྱེད།གཞན་ལའང་རྒྱས
176b7 པར་ཡང་དག་པར་སྟོན་པའི་ཆོས་སྨྲ་བ་དེ་ལ་ཡོན་ཏན་བསྔགས་པ་ཉི་ཤུ་པོ་འདི་རྣམས་ཡོད་པར་རོ་བར་བྱའོ།།དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན




iiif viewer powered by OpenSeadragon

176a - 177a

Texts on this page

N192 - glang po'i rtsal zhes bya ba theg pa chen po'i mdo