| | e-texts navigator
|
176a1 མོས་པར་བྱེད།ཐེ་ཚོམ་དུ་མི་བྱེད།ནེམ་ནུར་མི་བྱེད།ལུང་སྦྱིན་པར་བྱེད།འཛིན་པར་བྱེད།ཀློག་པར་བྱེད།ཀུན་ཆུབ་པར་བྱེད།གཞན
176a2 ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་དེའི་ཕན་ཡོན་བསྔགས་པ་ཉི་ཤུ་ཡོད་པར་རིག་པར་བྱའོ།།ཉི་ཤུ་གང་ཞེ་ན།ལྷས་བསྲུངས་པར་འགྱུར།ཀླུས་བསྲུངས
176a3 པར་འགྱུར།གནོད་སྦྱིན་གྱིས་བསྲུངས་པར་འགྱུར།སེམས་གཡེངས་པར་མི་འགྱུར།ཚེ་བརྗེས་ནུས་ཀྱང་ཚེ་རབས་དྲན་པར་འགྱུར།མངོན་པར་ཤེས་པ
176a4 ལྔ་ཐོབ་པར་འགྱུར།ཚོ་བརྗེས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བར་འགྱུར།དྲི་སྟེ་ཆོས་ཀྱི་རྣམ་གྲངས་འདི་སེམས་མྱི་གཡེང་བར་ཡིད་ལ
176a5 བྱེད་ཅིང་གཉིད་ཀྱི་སྙོམ་པ་སེལ་ན།དེའི་རྨི་ལམ་དུ་སངས་རྒྱས་མཐོང་བར་འགྱུར་ཏེ།བྱང་ཆུབ་སེམས་དཔའ་མཐོང་བའང་རེ་བར་བྱའོ།།དེ་ཆོས་ཀྱི་རྣམ
176a6 གྲངས་འདི་ལ་མོས་ནི་རྗེས་སུ་མཐུན་པའི་ཆོས་རྣམས་ལ་བཟོད་པ་རེ་བུར་བྱའོ།།ཆོས་ཀྱི་རྣམ་གྲངས་འདྲི་སེམས་ན་ཚེ་འདི་ཉིད་ལ་གནོད་སེམས་མེད་པར་རི་བར
176a7 བྱའོ།།དུག་མྱུར་བའི་ནང་ན་འདུག་ནའང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་ན་འཇིགས་པ་མེད་པར་རིག་པར་བྱའོ།།སླར་རྒོལ་བ་ཚར་བཅད་པར་རེ་བར
iiif viewer powered by OpenSeadragon
175b - 176b