| | e-texts navigator
|
174a1 མྱེད་སྙིང་གནས་མེད་དེ།།ཐམས་ཅད་ནམ་མཁའི་མཚན་ཉིད་དོ།།སངས་རྒྱས་བྱེ་བ་མང་པོ་ཡིས།།འདོད་ཆགས་ཞེ་སྡང་སྤང་བའི་ཕྱིར།།ཆོས་མཚག
174a2 དྲུག་ཀྱང་བཤད་མོད་ཀྱི།།ཆོས་རྣམས་ཟད་པའང་ཡོད་མེད་དོ།།གལ་ཏེ་ཆོས་དེ་ཡང་དགྲན།།ཐམས་ཅད་ཡང་དག་ཟད་པར་འགྱུར།།གང་ཕྱིར་དེ་དགྲ་ཡང་དག
174a3 སྨིན།།དེ་བས་མཐའ་ནི་མི་རྙེད་དོ།།འདོད་ཆགས་ཞེ་སྡང་མཐའ་ཡས་ཏེ།།གཏི་མུག་གི་ནི་མཐའ་ཡང་མེད།།གང་དག་ག་ནི་མཐའ་མེད་པ།།དྲི་དག་གི་ནི་རྩ་བ
174a4 མེད།།ས་བོན་མྱུ་གུ་མེད་ནཱ་ནི།།འདབ་མ་འབྲས་བུ་ག་ལ་འབྱུང་།།འདུབ་མ་མེད་པ་གང་ཡིན་པ།།དེ་ལ་མེ་ཏོག་ཡོང་མ་ཡིན།།ཆོས་རྣམས་སྐྱེ་བ་མེད་པ་ལ།།
174a5 སེམས་ནྡན་ས་བོན་མི་རྙེད་དོ།།སེམས་ཅན་ས་བོན་མེད་པའི་ཕྱིར།།སྐྱེ་མེད་མྱ་ངན་འདའ་བ་མེད།།ཇི་ལྟར་བུད་མེད་མོ་ཤམ་དག།དེ་ལ་བུ་ནི་ཡོད་མ་ཡིན།།དེ་ལ་བུ
174a6 ནི་ཡོད་མིན་ན།།བྲི་ཡི་མྱ་ངན་བྱེད་པ་མེད།།ཆོས་རྣམས་ཐམས་ཅད་མ་སྐྱེས་པར།།དེ་ལྟར་རིག་ཅིང་མཐོང་ནས་ནི།།འཁོར་བ་དག་ཏུ་འཁོར་བ་ན།།སྡུག
174a7 བསྔལ་འཇིགས་པ་དེ་ལ་མོད།།བྱིས་པ་མེད་པས་རྨོངས་པ་དག།རྨོངས་པས་ཆོས་ཉིད་མི་ཤེས་ཏེ།།ནམ་མཁའ་ཁུར་དུ་ཐོགས་བྱས་ཏེ།།མི་མཁས་པང
iiif viewer powered by OpenSeadragon
173b - 174b