| | e-texts navigator
|
173b1 བྱེད་པ།།འདི་ནི་ཚུལ་ཁྲིམས་ལྡན་མ་ཡིན།།ཚུལ་ཁྲིམས་མི་ལྡན་འདི་མི་སྤྱན།།ཆོས་རྣམས་རྨི་ལམ་ལྟ་བུ་སྟེ།།འདུས་བྱས་ཐམས་ཅད་ཡང་དག་མིན།།སྒྱུ་མ
173b2 བཞིན་དུ་སྐྱེ་མཐོང་ནས།།མཁས་པ་སྙིང་པོར་མི་འཛིན་ཏོ།།བདེན་པར་འདི་ལ་ཚུལ་ཁྲིམས་མེད།།ཚུལ་ཁྲིམས་མི་ལྡནི་བདེན་པར་མེད།།ཆོས་རྣམས་བརྟེན
173b3 ཏེ་བྱུང་བསོན།།འདི་ལ་བདག་ནི་ཡོད་མ་ཡིན།།བསྐལ་པ་བྱེ་བ་སྟོང་དག་ཏུ།།སྙོམས་ལས་མེད་པར་སྦྱིན་པ་བྱིན།།ཚུལ་ཁྲིམས་དག་ནི་མཆོག་བསྲུངས་ཀྱང་།།
173b4 འདྲེན་པས་ང་ནི་ལུང་མ་བསྟན།།གང་ཚེ་ང་ནི་འདུ་ཤེས་བྲལ།།སྦྱིན་པའི་འདུ་ཤེས་མ་ལུས་དང་།།རྣམ་པར་རྟོག་པ་ཀུན་སྤངས་པ།།དེ་ཚེ་བྱང་ཆུབ་ལུང་བསྟན་ཏོ།།
173b5 སྦྱིན་པས་ལོངས་སྤྱོད་འགྱུར་པར་བསྟན།།ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་བསྟན།།གང་ན་ཅུང་ཟད་མི་དམིགས་པ།།དེ་ནི་བྱང་ཆུབ་བླ་མེད་དོ།།བྱིས་པ་དམིགས
173b6 པོར་གནས་པ་དང་།མི་སྐྱེ་འདུས་མ་བྱས་པ་ཡི།།བཟོད་པ་བདག་གིས་ཐོབ་བོ་ཞེས།།མི་མཁས་པ་དྲག་རྟོག་པར་བྱེད།།ཆོས་རྣམས་སྐྱེ་བ་མེད་པ་ལ།།གང་དག
173b7 སྐྱེ་བར་སེམས་པ་ནི།།བསྐལ་པ་བྱེ་བ་སྟོང་དུ་ཡང་།།དེ་ཡི་བཟོད་པ་རྙེད་པར་དཀའ།།ཆོས་རྣམས་མིང་གིས་ལུང་བསྟོན་ཏེ།།ཆོས་རྣམས་ལ་ནི་བྱེད་པ་མེད།།རྩ་བ
iiif viewer powered by OpenSeadragon
173a - 174a