| | e-texts navigator
|
172b1 ལ་བཟོད་པའི་ཚིག་བླ་དྭགས་སོ།།གསོལ་པ།སྒྲིབ་མ་མཆིས་པའི་ཆོས་ལ་བཟོད་པ་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི།ཇི་ལྟར་སྤྱད་པ
172b2 བུགྷྲི།ཇི་ལྟར་རྣལ་འབྱོར་དུ་འཇུག་པར་འགྱི།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་བསླབ་པ་ཤེས་པར་བྱ་བའི་ཕྱིར
172b3 དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་གསུངས་སོ།།ཐམས་ཅད་མཁྱེན་པ་བླ་མེད་པའི།།སངས་རྒྱས་ཡེ་ཤེས་ཐོབ་འདོད་པས།།ཆོས་རྣམས་གང་ཡང་མི་གཟུང་ཞིང་།།ཆོས
172b4 རྣམས་གང་ཡང་མི་འདོར་རོ།།གང་ཞིག་སྐྱེ་བར་འགྱུར་བ་ཡི།།ཆོས་ནི་གང་ཡང་མི་རྙེད་དེ།།ཆོས་རྣམས་འབྱུང་བ་མེད་པ་ལ།།བྱིས་པ་དག་ནི་འབྱུང་བར་འདོད།།ཆོས
172b5 རྣམས་ཤེས་པར་བྱ་བ་དང་།།སྣང་བར་བྱ་བར་སྲོག་ཆགས་འཆད།།བྱིས་པ་སྐྱེ་བའི་སྤྱོད་ཡུལ་ཅ་ནི།།སྐྱེ་བ་མེད་ལ་དང་མི་འགྱུར།།བྱང་ཆུབ་ལམ་ནི་དམ་པ་དང་།།
172b6 ལམ་གྱི་ཆོས་རྣམས་བཏད་བྱས་ཏེ།།བྱིས་པ་གཉིས་ལ་ཆགས་པ་སྟེ།།གཉིས་སུ་མེད་པ་མི་ཤེས་སོ།།སྒྱུམ་སྣ་ཚོགས་གྱུར་པ་ལ།།བྱིས་པ་རྣམས་ཀྱིས་ཐ་དད་མཐོང་།
172b7 འདི་ལ་ཐ་དད་ཡོད་མ་ཡིན།།དེ་དག་ཐམས་ཅད་མཚན་ཉིད་ཅིག།སོ་སོའི་སྐྱེ་བོར་གང་བརྗོད་དང་།།འཇིག་རྟེན་སངས་རྒྱས་མཁས་པ་དག།མི་གཉིས་གཉིས་སུ
iiif viewer powered by OpenSeadragon
172a - 173a