| | e-texts navigator
|
171a1 འགྱུར་རམ་སྙམ་དུ་གྱུར་ཏོ།།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱིས་འཁོར་དེ་དག་གི་སེམས་ཀྱི་རྟོག་པ་ཤེས་ནས་དགེ་སློང་དེ་དག་ལ་སྨྲས་པ།ཚེ་དང
171a2 ལྡན་པ་དག་ཅི་ལས་བསམས་ཏེ།དེང་ཕན་ཆད་བདག་ཅག་སྟོན་པ་དྲུག་གི་རྗེས་སུ་རབ་ཏུ་བྱུང་ངོ་ཞེས་དེ་སྐད་སྨྲ།དེ་དག་གིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་དེང་ཕན
171a3 ཆད་བདག་ཅག་གིས་སྟོན་པ་ཐམས་ཅད་སྟོན་པ་དྲུག་དང་མཉམ་ཞིང་མཚན་ཉིད་གཅིག་ཅིང་བྱེ་བྲག་མེད་པར་རྣམ་པར་རིག་གོ།།བདག་ཅག་གིས་སྟོན་པ་ཐམས་ཅད་ཐ་དད་པ་མེད
171a4 པར་རིག་ནས་རྣམ་པར་མི་རྟོག་པར་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་།།སྨྲས་པ་ཅི་ལས་བསམས་ནས་དེང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ཡིན་ནོ་ཞེས
171a5 དེ་སྐད་སྨྲ།དེ་དག་གིས་སྨྲས་པ།དེང་ཕན་ཆད་བདག་ཅག་བདག་ལ་རྟེན་གྱི་གཞན་ལ་མི་རྟེན།བདག་ལ་སྐྱབས་སུ་དོང་གི་གཞན་ལ་སྐྱབས་སུ་དོང་བ་མ་ཡིན།བདག
171a6 སྟོན་པ་ཡིན་གྱི་སྟོན་པ་གཞན་མ་ཡིན་ནོ།།དེ་བས་ན་དང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ཡིན་ནོ།།ངོ་ཅོའི་ཕྱིར་ཞེ་ན།བདག་མ་གཽ་ཏོགས་པར་སངས་རྒྱས
171a7 མེད།སངས་རྒྱས་མ་གཏོགས་པར་བདག་མེད་དོ།།སྨྲས་པ།ཅི་ལས་བསམས་ནས་དེང་ཕན་ཆད་བདག་ཅོག་ཆོས་ལ་མི་རྟེན།དགེ་འདུན་ལ་མི་རྟེན་ཅེས
iiif viewer powered by OpenSeadragon
170b - 171b