| | e-texts navigator
|
475a1 སྩལ་ཏོ།།མི་ལུས་འཐོབ་པ་རྙེད་པར་དཀལ།།སངས་རྒྱས་འབྱུང་བའང་རྙེད་པར་དཀའ།།སངས་རྒྱས་དྲད་པ་རྙེད་པར་དཀའ།།བྱང་ཆུབ་སེམས
475a2 ཀྱང་རྙེད་པར་དཀའ།།གནས་སྐབས་བཞི་པོ་འདི་དྲག་ནི།།བསྐལ་པ་བྱེ་བར་རྙེད་དཀའ་སྟེ།།དེ་ཕྱིར་ཐོབ་ནས་མ་སྤངས་ཤིག།མཐུ་རྩལ་དག་ཀྱང་ཆུད་མ་གཟན།།
475a3 མི་ལུས་ཐོབ་པ་རྙེད་པ་དང་།།སངས་རྒྱས་འབྱུང་བ་རྙེད་པ་དང་།།སངས་རྒྱས་དད་པའང་རྙེད་པ་དང་།།བྱང་ཆུབ་སེམས་ནི་བསྐྱེད་གྱུར་ན།།དེ་ཕྱིར་བརྩོན་འགྲུས་བསྐྱེད།
475a4 ནུས་ཀྱང་།།རྟག་ཏུ་བག་ནི་ཡོད་པར་གྱིས།།དྲང་སྲོང་ཆེན་པོ་དེ་དག་གིས།།བག་ཡོད་པས་ནི་བྱང་ཆུབ་བརྙེས།།སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི།།རྩེ་བོའི
475a5 སྒོ་དང་ཚུལ་གྱི་ལམ།།བག་ཡོད་པ་དང་བརྩོན་འགྲུས་ཡིན།།མཁས་པ་རྣམས་ཀྱང་འདི་ལ་སློབ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།།བྱང་ཆུབ
475a6 སེམས་དཔའ་རྣམ་པར་བརྩེ་བ་དང་།བྱང་ཆུབ་སེམས་དཔའ་བྱམས་པ་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྷཱི
475a7 ཟར་བཅས་པའི་འཇིག་རྟེན་ཡི་རེངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི
iiif viewer powered by OpenSeadragon
474b - 475b