e-texts navigator
Collection
Volume
Page
Wylie

431b1 ད་ནས་མེད་དུ།ད་རྫོགས་པ་ཐམས་ཅད་ངདུ་བླས་བུས་སོནས་ང་ང་སོམ་ས་དང་བླས་སྒྲོགནས་མད་པ་དུ་ས་གེ་སྦྱོང་གནས་པ་གནས་པ་ནས་བྱུག་དང།
431b2 ནས་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན་འཁོར་དེའི་དགེ་སློང་ལྔ་བརྒྱ་པོ་སྟན་ལས་ལངས་ནས་འདི་སྐད་ཅེས་འཇམ་དཔལ་གཞོན་ནུར་གྱུར་པ་མི
431b3 བལྟའོ།།འཇམ་དཔལ་གཞིན་ནུར་གྱུར་པ་མི་མཉན་ཏོ།།འཇམ་དཔལ་གཞོན་ནུར་གྱུར་པོ་ཕྱོགས་གང་ན་གནས་པའི་ཕྱོགས་དེའང་སྤང་བར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།
431b4 འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ནི་སྟོན་པ་མངོན་སུམ་དུ་གྱུར་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་།རྣམ་པར་བྱང་བ་མཚན་ཉིད་གཅིག་ཏུ་སྟོན་པས་ཆོས་མ་ཡིན་པ་སྨྲབ
431b5 ཞེས་བརྗོད་ནས་དེ་དག་ཡང་འདི་སྙམུ་དུ་སེམས་ཏེ།བདག་ཅིག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་སྤྱད་སྙམ་ནས
431b6 དོང་ངོ་།།དེ་ནས་གླནས་བརྟན་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།།འཇམ་དཔལ་ཁྱོད་འདི་ལྟར་སེམས་ཅན་རྣམས་ཀྱིས་ཆོས་ཀུན་ཤེས
431b7 པར་གྱུར་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏམ།འཇམ་དཔལ་གྱིས་སྨྲས་པ།བཙུན་པ་ཤཱ་རིའི་བུ་དེ་བཞིན་ནོ།།ཤཱ་རིའི་དུས་སྨྲས་པ།དགེ་སློང་ལྔ་བརྒྱ་པོ་དེ་དག་སྟན




iiif viewer powered by OpenSeadragon

431a - 432a

Texts on this page

N182 - 'phags pa 'jam dpal gnas pa zhes bya ba theg pa chen po'i mdo