| | e-texts navigator
|
428b1 ལམ་དཔལ་འདི་ལྟར་ཚེ་འདི་ལ་བདེ་བར་གནས་པར་བྱ་བ་དང་།བརྗེད་པ་མེད་པརུ་གནས་པར་བྱ་བའི་ཕྱིར་ཏེ་དེ་ལྟ་བུའི་ཕྱིར་བསམ་གཏན་བྱེད་དོ།།འཇམ་དཔལ་གྱིས་སྨྲས་པ།
428b2 བཙུན་པ་ཤཱ་རིའི་བུ་ཆོས་གང་དག་ཚེ་འདི་ལ་བདེ་བར་གནས་པ་འམ།ཚེ་འདི་མ་ཡིན་པ་ལ་བདེ་བར་གནས་པ་འམ།བརྗེད་པ་མེད་པའི་ཆོས་དེ་དག་དམིགས་སམ།ཤཱ་རིའི་བུས
428b3 སྨྲས་པ།འཛེམ་དཔྲལ་བདག་གིས་ཆོས་གང་དག་ཚྭ་འདི་ལ་བདེ་བར་གནས་པ་འམ།ཚེ་འདི་མ་ཡིན་པ་ལ་བདེ་བར་གནས་པའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ཞིང་།
428b4 མི་དམིགས་མོད་ཀྱི།འོན་ཀྱང་འཇམ་དཔལ་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་དབེན་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་བདག་བརྟེན་ཅིང་གནས་སོ།།
428b5 འཇམ་དཔལ་གྱིས་སྨྲས་པ།བཙུན་པ་ཤཱ་རིའི་བུ་གང་དྲི་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་དབེན་པའི་ཆོས་སུ་གསུངས་པ་གང་ཡིན་ན།བཙུན་པ་ཤཱ་རིའི་བུ་གང་ལ
428b6 རྟེན་ཅིང་གནས།ཤཱ་རིའི་བུས་སྨྲས་པ།འཇམ་དཔལ་འདི་ལ་དགེ་སློང་ནི་འདས་པ་ལ་རྟེན་ཅིང་གནས་སོ།།མ་འོངས་པ་ལ་རྟེན་ཅིང་གནས་སོ།།ད་ལྟར་བྱུང་བ་ལ་རྟེན་ཅིང་གནས
428b7 སོ།།དེ་བཞིན་དུ་སྦྱར་ཏེ་སེམས་ཀྱི་བར་ལ་རྟེན་ཅིང་གནས་པར་ཁོང་དུ་ཆུད་པར་བྱ་སྟེ།འཇམ་དཔལ་ཆོས་དེ་དག་ནི་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་དབེན་པར
iiif viewer powered by OpenSeadragon
428a - 429a