| | e-texts navigator
|
153a1 ཀྱི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལོངས་སྤྱོད་སྣ་ཚོགས་ཐོབ་པར་འགྱུར་རོ།།ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང
153a2 དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ།དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་པོ་དག་སྦྱིན་པ་བྱིན་ནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
153a3 བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་བྲལ་མངོན་པར་བསྟོད་དོ།།འཕགས་པ་སྦྱིན་པའི་ཕན་ཡོན་བསྟེན་པ་རྫོགས་སོ།།
153a4 རྒྱགར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་།ཞུས་ཆེན་གྱི་ལ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལཾ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱཱ་བོ་དྷི་སཏྭ~ཾ་ཙརྱ་ནི་རྡོ་ཤཱ་ནཱ་མ་མ་ཧཱ
153a5 ཡ་ན་སཱུ་ཏཱ།བོད་སྐད་དུ།འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟེན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
153a6 འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཡངས་པ་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་དགེ་སློང་སྟོང་ཟམ་པའི་དགེ་སློང་གི་དག་འདུན་ཆེན་པོ
153a7 ཐམས་ཅད་ཀྱང་དགྲ་བཅོམ་པ།ཟག་པ་ཟད་པ་ཉོན་མོངས་པ་མེད་པ།དབང་དང་ལྡན་པར་གྱུར་པ།སེམས་ཤིན་ཏུ་རྣམ་པར་གྲོལ་བ།ཤེས་རབ་ཤིན་ཏུ་རྣམ་པར་གྲོལ
iiif viewer powered by OpenSeadragon
152b - 153b