| | e-texts navigator
|
150a1 གཞན་མིན་ཐེག་པ་ཆེན་པོ་ཡིས།།སེམས་ཅན་རྣམས་ནི་སྒྲོལ་གྱུར་ཅིག།སྐྱེ་བོ་ཐམས་ཅད་ཉོན་མོངས་པའི།།འཆིང་བ་དག་ལས་གྲོལ་བར་ཤོག།
150a2 དབུགས་མ་ཕྱིན་པ་དབུགས་འབྱིན་ཅིང་།།མྱ་ངན་འདས་ལམ་སྟོན་གྱུར་ཅིག།འཇིག་རྟེན་ལོང་བ་འདྲོན་མེད་པའི།།ཡོངས་སུ་འདྲེན་པར་བདག་གྱུར་ཅིག།ལུས་ཅན་རྣམས
150a3 ལ་སྐྱོབས་པ་དང་།།དཔུང་གཉེན་གླིང་དང་སྐྱབས་གྱུར་ཅིག།རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་མངོན་པར་བརྩོན
150a4 པར་བྱེད་པ་ཡིན་ནོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་།ཟོམ་དང་།རིའི་སུལ་དང་།གསེབ་དང་།སྨན་ལྗོངས་ནི་སེང་གེའི་མཆོག་རྣམ
150a5 པར་བསྒྱིངས་ཤིང་།ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས།བཅོམ་ལྡན་འདས་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི།རྣམ་པར་དབྱེ་བ་བཤད
150a6 པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ།རབ་ཏུ་དགའ་ཞིང་བདེ་བ་དང་།ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ
150a7 གཡས་པའི་ལྷང་པདྨའི་སྙིང་པོ་ལ་བཙུགས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལོ་མོ་སྦྱར་བ་བཏུང་ནས།བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས
iiif viewer powered by OpenSeadragon
149b - 150b