e-texts navigator
Collection
Volume
Page
Wylie

149b1 ཕན་ཡོན་མི་ཆེ་བ་དང་།མཐུ་མི་ཆེ་བར་འགྱུར་རོ་སྙམ་དུ་མི་སེམས་སོ།།གཞན་ཡང་ཡང་དག་པའི་བློ་དང་ལྡན་གྱི་ཡང་དག་པ་མ་ཡིན་པའི་ཕྱིར་དེ་སྦྱིན་པ་དེ་བྱིན་པ་ན།འདི་སམ་དུ་སྦྱི།
149b2 པའདི་དང་དགེ་བའི་རྣ་བ་དང་།ཆོས་ཀྱི་ཕྱིར་སྦྱིན་པ་ཡོངས་སུ་གཏོང་བ་འདིས་ན་བདག་རྒྱལ་པོར་གྱུར་ཅིག་ཅིའམ།རྒྱལ་པོ་གཞན་ནམ།བློན་པ་ཆེན་པོའམ།ལྷའམ།ལྷའི་དྲི
149b3 འམ།ལྷ་གཞན་གང་ཡང་རུང་བ་ཞིག་ཏུ་གྱུར་ཅིག་ཅེས་སེམས་སྐྱེད་པར་མི་བྱེད་དོ།།འོ་ན་གང་དུ་ཞེ་ན།གཞན་དུ་ན།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ
149b4 སྔོ་བར་བྱེད་དོ།།དགེ་བའི་རྩ་བ་འདི་དང་ཆོས་ཀྱི་ཕྱིར་ཡོངས་སུ་གཏོང་བ་འདིས་ན།བདག་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་།མ་གྲོལ་བ་རྣམས་གྲོལ་པོར་བྱེད་པ་དང་།དབུག
149b5 མི་ཕྱིན་པོ་རྣམས་དབུགས་འབྱིན་པ་དང་།ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པ་དང་།འཇིག་རྟེན་ལོང་བ་འདྲེན་པ་མེད་པ་དང་།སྐྱོབ་པ་མེད་ཀྱི
149b6 དང་།སྐྱབས་མྱེད་པ་དང་།གནས་མེད་པ་དང་།གླིང་མེད་པ་དང་།དཔུང་གཉེན་མེད་པོ་རྣམས་ཀྱི་འདྲེན་པོ་དང་།ཡོངས་སུ་ཛིན་པ་དང་།སྒྲོལ་བ་དང་།སྟབས་དང
149b7 གནས་དང་།གླིང་དང་།དཔུང་གཉེན་དུ་གྱུར་ཅིག་ཅེས་ཡོངས་སུ་སྔོ་བར་བྱེད་དོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།ཆོས་ཕྱིར་སྦྱིན་པ་འདིས་ན་བདག།འཁོར་བ་ཡི་ནི་རྒྱ་མཚོ་ལས།




iiif viewer powered by OpenSeadragon

149a - 150a

Texts on this page

N168 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo