| | e-texts navigator
|
149a1 སྦྱིན་པར་མི་བྱེད།སྨད་དེ་སྦྱིན་པར་མི་བྱེད།ང་རྒྱལ་གྱིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད།འགྱང་བཞིན་དུ་སྦྱིན་པར་མི་བྱེད།ལྷག་མར་གྱུར་པ་སྦྱིན
149a2 པར་མི་བྱེད།རུལ་ཅང་མྱོགས་པ་སྦྱིན་པར་མི་བྱེད་ཀྱི་སྨྱོན་པ་གང་དང་གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པོར་བྱེད།བླ་མར་བྱས།རི་མོ་བྱས།མཆོད་པ་བྱས་ཤིང་རྗོད་ནས་སྦྱིན
149a3 པར་བྱེད།མང་དུ་སྦྱིན་པར་བྱེད།བཟང་པོ་སྦྱིན་པར་བྱེད།རབ་ཏུ་དགའ་བས་སྦྱིན་པར་བྱེད།དགའོ་ཞིང་མགུ་བས་སྦྱིན་པར་བྱེད།གཙང་བ་དང་།རྒྱ་ཆེར་སྦྱིན་པར་བྱེད།
149a4 རང་གི་ལག་ནས་སྦྱིན་པོར་བྱེད་གུས་པ་དང་བཅས་པོ་དང་།ཞེ་སར་བཅས་པས་སྦྱིན་པར་བྱེད།བསམ་པདག་ཅིང་བཟང་ལ་དགེ་བསོ་སྦྱིན་པར་བྱེད།སྲིང་སྣ་མེད་པར་སྨྱོན་པར་བྱེད།
149a5 བརྐམ་པ་མེད་པར་སྦྱིན་པར་བྱེད།ཞུམ་པ་མེད་པར་སྦྱིན་པར་བྱེད།འཇིགས་པོ་མེད་པར་སྦྱིན་པར་བྱེད།རྒྱ་ཆེ་ཞིང་ཡངས་པར་སྦྱིན་པོར་བྱེད་དོ།།དེ་སྦྱིན་པ་དེ་ལྟ་བུ་དོ་སྦྱིན་པོ་ནུ
149a6 འདི་སྙམ་དུ་འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱིས་བོ་དག་གིས་སྦྱིན་པར་བྱའོ།།འདི་ནི་ཚུལ་ཁྲིམས་འཆལ་བ་ཡིན་ནོ།།འདི་ནི་དགེ་བའི་ཚེ་སྡེ་དང་ལྡན་པ་ཡིན་ནོ།།འདི་ནི
149a7 དགེ་བའི་ཆོས་མ་ཡིན་པ་དང་ལྡན་པ་ཡིན་ནོ།།འདི་ལ་བྱིན་ན་ནི་འབྲས་བུ་ཆེ་བ་དང་།ཕན་ཡོན་ཆེ་བ་དང་།མཐུ་ཆེ་བར་འགྱུར་རོ།།འདི་ལ་བྱིན་ན་ནི་འབྲས་བུ་མི་ཆེ་བ་དང་།
iiif viewer powered by OpenSeadragon
148b - 149b