e-texts navigator
Collection
Volume
Page
Wylie

147b1 སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།ཤ་དང་ཁྲག་ཡོངས་སུ་གཏོད་པའི་སྦྱིན་པ་ཞེས།
147b2 བྱ་བ་ད་ནི།བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་མེད་པ་ཐམས་ཅད་ལས་སྙིང་པོ་བླ་དོ་བའི་ཚིག་བླ་དགས་ཡིན་གྱིས།བདག་གིས་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར
147b3 བློ་གོར་མ་ཆུག་སྙམ་མོ།།དེ་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན།དེ་བཞིན་གཤེགས་པས་བསྐྱེད་པའི་སྨོན་ལམ་བཞིན་དུ།ཤ་དང་ཁྲག་ཡོངས་སུ་གཏོང་བའི
147b4 སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་སྙིང་པོ་མེད་པ་ཐམས་ཅད་ལས་སྙིང་པོ་ལེན་དུ་འཇུག་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།དེ་ལ་ཚིག་ཕྱི་མའང་ཡོད་དེ།
147b5 ཤློ་དང་ཁྲག་གི་སྦྱིན་པ་ཡི།།རྣམ་སྨིན་བདག་ལ་ཅི་ཡོད་དེས།།སྙིང་པོ་མེད་པ་མ་ལུས་ལས།།འགྲོ་ཀུན་སྙིང་པོར་ཐོབ་གྱུར་ཅིག།དེ་ལ་རྐང་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།།
147b6 རིགས་ཀྱི་བུ་འདི་ལོ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།རྐང་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིགས་པ་ཡོངས་སུ་རྫོགས་པར་འགྱུར་བའི
147b7 ཚིག་བླ་དགས་ཡིན་གྱིས།བདག་གིས་རྐང་གི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།།དེ་རྐང་གི་སྦྱིན་པ་དེ་བྱིན་པ་ན།དེ་བཞིན་གཤེགས་པས་བསྐྱེད་པའི་སྨོན་ལམ་བཞིན་དུ།རྐང




iiif viewer powered by OpenSeadragon

147a - 148a

Texts on this page

N168 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo