e-texts navigator
Collection
Volume
Page
Wylie

146a1 བདག་གིས་རྣ་བ་དང་།སྣ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།།དེ་རྣ་བ་དང་།སྣ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན།དེ་བཞིན
146a2 གཤེགས་པས་རྣམ་པར་བཞག་པའི་སྨོན་ལམ་བཞིན་དུ།རྣ་བ་དང་།སྣ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན།བདག་སེམས་ཅན་ཐམས་ཅད་དབང་པོ་ཐམས་ཅད
146a3 དང་ལྡན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།རྣ་བ་དང་ནི་སྣ་བཏང་བས།།སྲོག་ཆགས་རྣམས་ནི་ཐམས་ཅད་ཀྱང་།།དབང
146a4 པོ་ཀུན་དང་ལྡན་གྱུར་ཏོ།།ཡན་ལག་ཐམས་ཅད་རྫོགས་པར་ཤོག།རྣ་བ་དང་ནི་སྔོ་བཏིང་བས།།གང་དྲིང་གང་དུ་སྐྱེས་པ་དེར།།བལྟ་ན་སྡུག་ཅིང་གཟུགས་བཟང་ལ།།
146a5 མྲིམི་ནི་དེ་བཞིན་མཛེས་པར་འགྱུར།།དེ་ལ་མིག་གི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།རིགས་ཀྱི་བུ་འདི་ལོ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།མིག
146a6 སྦྱིན་པ་ཞེས་བྱ་བ་དེ་ནི།བྱང་ཆུབ་སེམས་དཔའི་རྣམས་ཀྱི་ཆོས་ཀྱི་མིག་སྒྲིབ་པ་མེད་པོ་ཡོངས་སུ་དག་པའི་ཚིག་བླ་དགོས་ཡིན་གྱིས།བདག་གིས་མིག་གི་སྦྱིན་པ་བྱིན་པར་བྱ
146a7 གོར་མ་ཆག་སྙོམ་མོ།།དེ་མིག་གི་སྦྱིན་པ་དེ་བྱིན་པ་ན།དེ་བཞིན་གཤེགས་པས་ཡང་དག་པར་མཛད་པའི་སྨོན་ལམ་བཞིན་དུ།མིག་གི་སྦྱིན་པ་འདིས་ན།བདག




iiif viewer powered by OpenSeadragon

145b - 146b

Texts on this page

N168 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo