| | e-texts navigator
|
145b1 ལག་མཐིལ་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།།དེ་ལ་ལག་མཐིལ་གྱི་སྦྱིན་པ་དེ་བྱིན་པ་ན།དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པའི་སྨོན་ལམ་བཞིན་དུ་ལག་མཐིལ་སྦྱིན
145b2 པ་འདིས་ན་བདོག་སེམས་ཅན་དམན་པ་དང་།ལོང་བ་དང་།བཀྲེན་པ་དང་།མགོན་མེད་པ་དང་།སྡུག་བསྔལ་བ་དང་།དབུལ་པོ་དང་།གནས་མེད་པ་དང་།སྐྱབས་མེད་པོ་དང
145b3 དཔུང་གཉེན་མེད་པ་རྣམས་དང་།སེམས་ཅན་དམྱལ་བ་དང་།བུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དང་།ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང་།མི་ཁོམ་པར་སྐྱེས
145b4 པ་རྣམས་ལ་ཆོས་ཀྱི་ལག་པ་སྦྱིན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།དེ་ལ་ཚིག་ཕྱི་མའང་ཡོད་དེ།ལག་མ་ཐིལ་བྱིན་པས་མྱུར་དུ་བདག།རྣམ་འདྲེན་ལག་ན་རིན་ཆེན་དང་།།
145b5 ལག་པ་རིང་ཞིང་གསེར་མདོག་ལྡན།།འཇིག་རྟེན་མཆོད་གནས་གྱུར་པར་ཤོག།སྙིང་རྗེས་ནོན་པོར་གྱུར་ནས་ནི།།ཆོས་ཀྱི་ལག་པོ་བསྟོད་བྱས་ལ།།ངན་སོང་ཀུན་ལས་ལུས་ཅན་རྣམས།།
145b6 བདག་གིས་རྟག་ཏུ་འབྱིན་པར་ཤོག།དེ་ལ་རྣ་བ་དང་སྣ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ
145b7 དུ་སེམས་ཏེ།རྣ་བ་དང་སྣ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ཆང་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས།།
iiif viewer powered by OpenSeadragon
145a - 146a