| | e-texts navigator
|
145a1 རྣམས་སེལ་ཞིང་པདྨའི་རྐང་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་གྱིས་སྤྲས་ལ།མཉམ་ཞིང་འཇམ་པ་དང་།སོར་མོ་རིང་ཞིང་དང་པའི་རྐང་པ་ལྟར་དྲ་བས
145a2 འབྲེལ་བ་དང་།སེན་མོ་མེ་ལོང་བཟང་པོ་དག་པར་ཕྱིས་པ་ལྟ་བུས་བརྒྱན་ཏེ།མེ་ཏོག་ཀུནྡ་ལྟར་འདུག་པ་དང་།ལོང་བུ་མི་མངོན་པ་དང་།རྗེ་ངར་སྨིག་མ་དང་རི་དྭགས
145a3 ཨེན་ཡཱའི་བྱིན་པ་འདྲ་བའི་ཡཱ་མཚན་གྱི་སྟབས་ཀྱིས་དལ་བུས་དལ་ནས་བྱང་ཆུབ་ཀྱི་སྙིང་པོའི་གདན་རྡོ་རྗེའི་སྟེགས་བུའི་གདན།ཆོས་ཀྱི་སེང་གེའི་ཁྲི་ལ་བདུད་རྣམ་པར་གཞོམ་པའི
145a4 ཕྱིར་ཤིན་ཏུ་གནོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།དེ་ལ་ཚིག་ཕྱི་མའང་ཡོད་དེ།རྐང་པ་བྱིན་པ་འདི་ཡིས་ན།།རྐང་མཐིལ་འཁོར་ལོའི་མཚན་ཅན་གྱིས།།བྱང་ཆུབ
145a5 སྙིང་པོའི་གདན་བཟང་ལ།།བརྟན་པོས་ཤིན་ཏུ་གནོན་པར་ཤོག།རྐང་པ་བྱིན་པ་འདིས་ན་བདག།བྱང་ཆུབ་སྙིང་པོའི་གདན་མཆོག་ལ།།འདུག་ནས་བདུད་རྣམས་སྡེ་དང་དཔུང་།།
145a6 བཞོན་དང་བཅས་པར་འདུལ་བར་ཤོག།དེ་ལ་ལྷག་མཐིལ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ
145a7 སེམས་ཏེ།ལག་མཐིལ་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཀྱུའ་རྣམས་ཀྱི་སེམས་ཅན་ཐམས་ཅར་ལ་ཆོས་ཀྱི་ལག་པ་སྦྱིན་པའི་ཚིག་བླ་རིགས་ཡིན་གྱིས།བདག་གིས
iiif viewer powered by OpenSeadragon
144b - 145b