| | e-texts navigator
|
142b1 གོསསམས་ཅན་ཐམས་ཅད་ཀྱི།།བསམ་གཏན་ལན་ལག་རིམ་བཞིན་དུ།།ཡོངས་སུ་རྫོགས་པར་བྱེད་པ་ནག།ལྷ་གང་སྐྱེད་མོས་ཆལ་བྱིན་པས།།རྣལ་འབྱོར་ཅན་གྱིས་མ།
142b2 དེནི།།བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང་།།རྣལ་འབྱོར་སྤྱོད་པ་དཀའ་ཐུབ་ཆེ།།དེ་ལ་ཆུང་མ་དང་བུ་དང་།བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར
142b3 བརྩོན་པར་བྱེད་ཅེ་ན།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ངོ་འདི་སྙམ་དུ་སེམས་ཏེ་ཆུང་མ་དང་།བུ་དང་།བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས
142b4 དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཚིག་བླ་དགུས་ཡིན་གྱིས་བདག་གིས་ཆུང་མ་དང་།བུ་དང་།ཐ
142b5 མོ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།།དེ་ཆུང་མ་དང་།བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན།དེ་བཞིན་གཤེགས་པས་བསྙེན་བཀུར་མཛད
142b6 མཛད་པའི་སྨོན་ལམ་བཞིན་དུ་ཆུང་མ་དང་།བུ་དང་།བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར
142b7 རྫོགས་པར་འཚང་རྒྱ་བར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།དེ་ལ་ཚིག་ཕྱི་མའང་ཡོད་དེ།བུ་ཡི་སྦྱིན་པ་དེས་ནི་མྱུར་བར་ཡང་།།སེམས་ཅན་རྣམས་ནི་རེ་རེའི་དོན་གྱི་ཕྱིར།
iiif viewer powered by OpenSeadragon
142a - 143a