e-texts navigator
Collection
Volume
Page
Wylie

142a1 མཁས་ལ་བཤེས་གཉེན་ཅན།།ཐེག་པ་ཆེ་ལ་མོས་པ་དང་།།མི་དེ་སྐུལ་བ་ཅན་དུ་འགྱུར།།དེ་ལ་སྐྱེད་མོས་ཚུལ་དང་།དཀའ་ཐུབ་ཀྱི་ནགས་ཚལ་དང་།
142a2 གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།སྐྱེད་མོས་ཚལ
142a3 དང་།དཀའ་ཐུབ་ཀྱི་ནགས་ཚལ་དང་།གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཡན་ལུག་ཡོངས་སུ་རྫོགས
142a4 པར་བྱེད་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས།བདག་གིས་སྐྱེད་མོས་ཚལ་དང་།དཀའ་ཐུབ་ཀྱི་ནོགས་ཚལ་དང་།གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ
142a5 གོར་མོ་ཆག་སྙམ་མོ།།དེ་སྐྱེད་མོས་ཚལ་དང་དཀའ་ཐུབ་ཀྱི་རླུགས་ཚལ་དང་།གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པ་ན།སངས་རྒྱས་ཀྱིས་བསྟོད་ཅིང་བསྔགས
142a6 པའི་སྨོན་ལམ་བཞིན་དུ་སྤྱད་མོས་ཚལ་དང་།དཀའི་ཐུབ་ཀྱི་རྣགས་ཚལ་དང་།གཙུག་ལྕག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ནུ་བདག་སེམས་ཅན་ཐམས་ཅད་ཀྱི
142a7 བས་མི་གཏན་གྱི་ཡན་ལོག་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།དེ་ལ་ཚིག་ཕྱི་མའང་ཡོད་དེ།ལྷ་གང་སྐྱེད་མོས་ཚལ་བྱིན་པས།།བདག




iiif viewer powered by OpenSeadragon

141b - 142b

Texts on this page

N168 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo