e-texts navigator
Collection
Volume
Page
Wylie

8a1 མཉམ་པ་དང་གང་ཟག་ཟླ་མེད་པ།ཁམས་གསུམ་ན་མགོན་པོའི་མཆོག་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ།འཇིག་རྟེན་གྱི་ཆོས་ཀྱིས་མི
8a2 བསྐྱོད་པ།ནམ་མཁའ་ལྟར་མི་གོས་པ།བྱེསམ་གྱིས་མི་ཁྱབ་པ།བསམ་པར་འོས་པ་བལྟ་འདོད་པ།བལྟ་ན་སྡུག་པ་འདི་འདྲ་བ་ནི་བདག་གིས་རྙེད་པ་རབ་ཏུ་རྙེད་དོ།།བདེ
8a3 བ་རོ་གཤེགས་པ་རྙེད་པ་རབ་ཏུ་རྙེད་དོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དགའོ།།བྱང་ཆུབ་སེམས་དཔའ་སེམས་དཔའ
8a4 ཆེན་པོ་དེ་དག་དང་།དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ།།འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
8a5 རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་ནཻ་ར་ཨད་མ་པ་རི་པྲི་ཙ་ན་མ་མ་ཧཱ་ཡཱ་ན་སཱུཥྚ།བོད་སྐད་དུ།འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པ
8a6 ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།དེ་ནས་དམིགས་པའི་ལྟེ་བ་ཅན་རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར
8a7 དཔྱོད་པ་དང་བཅས་པའི་མུ་སྟེགས་པ་དེ་དག་རྣམས་ཐཾ་རྨ་ཆེན་བློའི་ནང་དུ་སོང་སྟེ། ཞེ་སོ་དང་བཅས་ཤིང་ཐལ་མོ་སྦྱར་ནས་བདག་མེད་པའི་དྲི་བི་དག་ཡོངས་སུ་དྲིས་པ།




iiif viewer powered by OpenSeadragon

7b - 8b

Texts on this page

N158 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo
N159 - 'phags pa bdag med pa dris pa zhes bya ba theg pa chen po'i mdo