e-texts navigator
Collection
Volume
Page
Wylie

7b1 དང་།སྤྱོད་པའི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་བྱ་སམ་སྟོ་ཅན་རྣམས་ཀྱིས་མཐོང་ངོ་།།འཇམ་དཔལ་མཐུན་བྱེ་བྲག་གང་དང་གང་གཱས་སེམས་ཅན་རྣམས་འདུལ་བར
7b2 འགྱུར་བའི་མཚོན་གྱི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་ག་ཤོགས་པ་སེམས་ཅན་རྣམས་ཀྱིས་མཐོང་ངོ་།།འཇམ་དཔལ་ཆོས་བསྟན་པ་གང་དང་གང་གིས་སེམས་ཅན་རྣམས་ཡོངས
7b3 སུ་སྨིན་པར་འགྱུར་བའི་ཆོས་བསྟན་པ་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་ཆོས་བསྟན་པར་སེམས་ཅན་རྣམས་ཀྱིས་ཤེས་སོ།།འཇམ་དཔལ་སྤྱོད་པ་གང་གིས་སེམས་ཅན་རྣམས
7b4 དེ་བཞིན་གཤོགས་པའི་བསྟན་པ་ལ་འཇུག་པ་དང་འདུལ་བར་འགྱུར་བའི་སྤྱོད་པ་དེ་དང་དེ་ལ་དེ་བཞིན་གཤེགས་པ་གནས་པར་སེམས་ཅན་གྱིས་མཐོང་ངོ་།།འཇམ་དཔལ་དེ
7b5 བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བའང་སྐྱེ་བོ་མང་པོ་ལ་ཕན་པ་དང་།སྐྱེ་བོ་མང་པོ་ལ་བདེ་བ
7b6 དང་།འཇིག་རྟེན་ལ་སྙིང་བརྩེ་བ་དང་།ལྷ་དང་མི་རྣམས་དང་།སྐྱེ་བོ་ཕལ་པོ་ཆེའི་དོན་དང་།ཕན་པཱ་དང་བདེ་བའི་ཕྱིར་སྐྱེའོ།།དེ་ནས་བྱང་ཆུབ་སེམས་དཔའི་འཇམ་དཔལ་སྟན
7b7 ལས་ལངས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་གི་སྟོན་པ་མི་མཉམ་པ་དང




iiif viewer powered by OpenSeadragon

7a - 8a

Texts on this page

N158 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo